འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་སྨན་བཅོས་འགན་བཅོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས“སྨན་གསུམ་མཉམ་
    འགུལ”ལ་སྐུལ་འདེད་བཏང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་23ཉིན། 09:37】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིང་གིས་《སྨན་བཅོས་དང་། སྨན་བཅོས་འགན་བཅོལ། སྨན་རྫས་བཅས་གསུམ་གྱི་མཉམ་འགུལ་སྒྱུར་བཅོས་ལས་འགན་ཁག་བགོས་ལ་སྐུལ་འདེད་ཧུར་ཐག་གཏོང་རྒྱུའི་འབྲེལ་ཡོད་གནད་དོན་སྐོར་གྱི་བརྡ་ཐོ་》པར་འགྲེམས་བྱས་ནས“སྨན་གསུམ་མཉམ་འགུལ”ཐད་བཀོད་སྒྲིག་ཞིབ་ཕྲ་བྱས་པ་སྟེ།
         གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ལོ་འཁོར་དཔྱད་ཞིབ་བྱེད་ཐབས་དང་། སྒོ་བསྟེན་ཁང་གི་དམིགས་བསལ་ནད་གཞི་དང་གཅོང་ནད་ཀྱི་འཇུག་འཐུས་བྱེད་ཐབས། ཐེབས་རྩ་དོ་དམ་བྱེད་ཐབས། ལས་སྒོ་གཉེར་རིམ་སོགས་ཐད་ཀྱི་ལེ་ལག་ཚང་བའི་སྲིད་ཇུས་སྔར་བས་འཐུས་ཚང་དང་། མ་དངུལ་གྲབས་གསོག་ཚད་གཞི་སྔར་བས་མཐོ་རུ། ཐེབས་རྩར་ལྟ་སྐུལ་དོ་དམ་དང་རྩིས་བཤེར་བྱེད་ཤུགས་ཆེ་རུ་བཅས་བཏང་ནས་འགན་ཞུགས་དོ་དམ་དང་། སྲིད་ཇུས་གཟིགས་སྐྱོང་། ཐེབས་རྩ་གཏོང་ཡོང་། གཉེར་སྒྲུབ་ཞབས་ཞུ། ཆ་འཕྲིན་མ་ལག་བཅས་ཀྱི“གཅིག་གྱུར་ལྔ”མངོན་འགྱུར་བྱ་རྒྱུ་དང་།
         སྲིད་གཞུང་དང་བྱ་ལས་སྡེ་ཚན་སོ་སོར་འབྱེད་པ་དང་། དོ་དམ་དང་གཉེར་སྒྲུབ་སོ་སོར་འབྱེད་པ། ཕན་ཚུན་གཅུན་རེས་བྱེད་པ། ཕྱོགས་མང་པོ་ནས་ལྟ་སྐུལ་དོ་དམ་བྱེད་པ། འགྲན་རྩོད་ཡོད་པ་བྱེད་པ་བཅས་ཀྱི་སྤྱིའི་བླང་བྱ་ལྟར་ཚོང་ལས་འགན་བཅོལ་སྒྲིག་གཞིའི་ཆེད་ལས་ཅན་དང་སྟབས་བདེ་ཅན་གྱི་ཞབས་ཞུའི་ལེགས་ཆ་བེད་སྤྱོད་གང་ལེགས་བྱས་ཐོག་ཚབ་བཅོལ་ཚོང་ལས་འགན་བཅོལ་ཀུང་སི་གཉེར་སྒྲུབ་ཞབས་ཞུའི་ནང་ཞུགས་པའི་སྲིད་ཇུས་བྱེད་ཐབས་བཟོས་ནས་ལག་བསྟར་བྱེད་པ། ཚོང་ལས་འགན་བཅོལ་ཀུང་སིར་གཉེར་སྒྲུབ་མི་སྣ་དང་། གཞུང་དོན་སྒྲུབ་ཡུལ། ཆ་འཕྲིན་མ་ལག་སོགས་ཀྱི་གྲ་སྒྲིག་ལས་དོན་ཁག་དམ་འཛིན་བྱ་རྒྱུར་ལྟ་སྐུལ་དང་མཛུབ་ཁྲིད་བྱས་ཏེ། ཆ་རྐྱེན་འཛོམས་རིམ་བཞིན་ལག་བསྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་ཚོར་གཞི་རྩའི་སྨན་བཅོས་འགན་བཅོལ་ཞབས་ཞུ་སྟབས་བདེའི་ངང་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ།
         སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་སྨན་བཅོས་འགྲོ་གྲོན་ལུགས་དང་མི་མཐུན་པར་འཕར་བ་དག་ཚོད་འཛིན་བྱེད་པའི་ཐད་ཀྱི་སྨན་ཡོན་སྤྲོད་སྟངས་ཀྱི་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས། སྨན་ཡོན་བསྡོམས་འབོར་ཚོད་འཛིན་བྱས་པའི་སྔོན་འགྲོའི་འོག་ནད་རིགས་ལ་གཞིགས་ནས་སྨན་ཡོན་སྤྲོད་རྒྱུ་གཙོ་བོ་དང་མི་གྲངས་སོགས་ལ་གཞིགས་ནས་སྨན་ཡོན་སྤྲོད་རྒྱུ་ཕལ་པར་འཛིན་རྒྱུར་སྐུལ་འདེད་བཏང་སྟེ། དུས་འགོར་ཞིང་ཆེན་རིམ་པའི་སྨན་ཁང་ཆེན་པོ་དྲུག་དང་སྨན་ཡོན་བསྡོམས་འབོར་གཏོང་སྤྲོད་སྐོར་གྱི་གྲོས་མོལ་སྒྲུབ་པའི་རྨང་གཞིའི་ཐོག་ནད་རིགས་ལ་གཞིགས་ནས་སྨན་ཡོན་སྤྲོད་རྒྱུའི་སྐོར་གྱི་གྲོས་མོལ་ལས་དོན་མགྱོགས་མྱུར་བསྒྲུབས་ནས། ནད་རིགས་ལ་གཞིགས་ནས་སྨན་ཡོན་སྤྲོད་པའི་སྣ་ཁ་ཞིང་ཆེན་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་དམིགས་ཚད་ལས་མི་ཉུང་བའི་འགན་ལེན་བྱ་རྒྱུ།
         རྒྱལ་ཁབ་ཀྱི་སྨན་བཅོས་ལས་རིགས་སྒྱུར་བཅོས་སྐོར་གྱི་འབྲེལ་ཡོད་དགོངས་དོན་ལྟར་གདན་ཞུ་ལམ་ལུགས་དང་ལས་གནས་དོ་དམ་ལམ་ལུགས་གཉིས་ནང་དོན་གཙོ་བོར་བྱས་པའི་མི་དོན་དོ་དམ་ལམ་ལུགས་སྔར་བས་འཐུས་སྒོ་ཚང་དུ་གཏོང་རྒྱུ་དང་། གཞུང་བཙུགས་སྨན་ཁང་ཁག་གི་མི་སྤྱོད་ཐད་ཀྱི་རང་བདག་དབང་ཆ་དོན་འཁྱོལ་བྱས་ནས་སྨན་ཁང་ལ་ཉེ་བར་མཁོ་བའི་མཐོ་རིམ་ཤེས་ལྡན་པ་ཡིན་ན། གཏན་འབེབས་ལྟར་སྨན་ཁང་དེ་གས་དཔྱད་ཞིབ་དང་བརྟག་ཞིབ་བརྒྱུད་དེ་གདན་ཞུ་བྱེད་ཆོག་པ་དང་གྲུབ་འབྲས་ཡོངས་བསྒྲགས་བྱ་རྒྱུ། ལས་རྗེས་གླ་ཕོགས་བསྡོམས་འབོར་ཞིབ་བཤེར་གཏན་འཁེལ་འོས་འཚམ་གྱིས་ལས་རྗེས་གླ་ཕོགས་ཀྱི་སྐུལ་སློང་ནུས་པ་འདོན་སྤེལ་བྱས་ཏེ་ནད་ཐོག་སྨན་བཅོས་ཀྱི་འཐབ་ཕྱོགས་དང་པོ་དང་། འགག་རྩའི་ལས་གནས། ལས་སྒོའི་རྐང་འཛིན་པ། ལག་རྗེས་མངོན་གསལ་དོད་པོ་འཇོག་མཁན་བཅས་ལ་གཙོ་གནད་ཐོག་ཕྱོགས་རྒྱུ། ལས་རྗེས་དོ་དམ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་འཕྲོད་བསྟེན་གྱི་ཆེད་ལས་ལག་རྩལ་མི་སྣའི་ལས་གནས་ཐོབ་ཐང་ཞིབ་བཤེར་ལས་དོན་ལ་ཞིབ་འཇུག་བྱས་ནས་འཐུས་སྒོ་ཚང་དུ་གཏོང་རྒྱུ།
         སྒོ་བསྟེན་དང་། ནད་སྡོད། སྨན་ཚོང་ཁང་ནས་སྨན་རྫས་ཉོ་བ་སོགས་ཕྱོགས་ཡོངས་ལ་རིག་ནུས་ཞིབ་བཤེར་དང་ལྟ་སྐུལ་དོ་དམ་བྱས་པའི་རྨང་གཞིའི་ཐོག་སྨན་དོན་མི་སྣའི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ལ་ཡང་རིམ་བཞིན་ལྟ་སྐུལ་དོ་དམ་བྱ་རྒྱུ་དང་། སྨན་བཅོས་འགན་བཅོལ་ཐེབས་རྩ་གཏོང་སྤྲོད་ཀྱི་ལྟ་སྐུལ་དོ་དམ་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་གྲངས་གཞི་ཆེན་པོ་སྔོག་འདོན་དང་བེད་སྤྱོད་ཤུགས་ཆེན་བྱ་རྒྱུ། སྨན་བཅོས་འགན་བཅོལ་གཉེར་སྒྲུབ་སྒྲིག་གཞིའི་ནུས་པ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་སྨན་བཅོས་འགན་བཅོལ་གྱི་དོ་དམ་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།