འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།“རྒྱུད་གཅིག་ལམ་གཅིག”དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་མཐུན་དང་
    སྦྲེལ་མཐུད་བྱས་ནས་ཁེ་ལས་ལ་ཕན་འདོགས་རྒྱུའི་རེ་སྒུག་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་19ཉིན་ཆེད་གཏོང་གློག་འཕྲིན་འབྱོར་གསལ། སྐབས་ལྔ་པའི་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་དངོས་མང་སྟོན་ཚོགས་དེ་མི་རིང་བར་ཤིན་ཅང་གི་ཝུའུ་ལུའུ་མུའུ་ཆི་རུ་འགོ་འཛུགས་རྒྱུ་དང་། ཚེས་19ཉིན་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་ཨུ་རུ་སུའི་འགྲེམས་ཞུགས་ཚོང་པ་མ་ལ་ཝེ་ཀུང་སིའི་འགན་འཁུར་བ་ཨ་པོ་དབྱི་མོ་ཝས་ཀྲུང་གོའི་“རྒྱུད་གཅིག་ལམ་གཅིག་”གི་གྲོས་འགོ་དེ་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་མཐུན་དང་སྦྲེལ་མཐུད་བྱས་ནས་ཁེ་ལས་ལ་ཕན་འདོགས་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་པ་དང་། ཨུ་རུ་སུ་དང་ཨེ་ཤེ་ཡ་དབུས་མའི་ཁུལ་གྱི་ཁེ་ལས་ཉིད་ཀྲུང་གོའི་ཁྲོམ་རར་ཞུགས་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་རྒྱུ་ཡིན་ཞེས་བརྗོད་པ་རེད།
         ཨ་པོ་དབྱི་མོ་ཝས་སྔོན་ཆད་ཀྲུང་གོ—ཨེ་ཤེ་ཡ་དང་ཡོ་རོབ་དངོས་མང་སྟོན་ཚོགས་ནང་ཞུགས་མྱོང་མེད་ནའང་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་དང་ཀྲུང་གོ་དང་ཨུ་རུ་སུ་དང་ཨེ་ཤེ་ཡ་དབུས་མའི་ཁུལ་གྱི་དཔལ་འབྱོར་ཚོང་དོན་གྱི་འབྲེལ་བ་ཟམ་མི་ཆད་པར་ཟབ་ཏུ་འགྲོ་བའི་རྒྱབ་ལྗོངས་འོག་ཨུ་རུ་སུའི་ཁེ་ལས་སྔར་བས་མང་བས་ཀྲུང་གོ་ཉིད་གཙོ་བོར་བྱས་པའི་ཤར་ཕྱོགས་ཁྲོམ་ར་གསར་འབྱེད་ཐད་དགའ་སྣང་ཆེན་པོ་བྱེད་ཀྱི་ཡོད། “ང་ཚོས་དངོས་མང་སྟོན་ཚོགས་ཀྱི་ཐོན་རྫས་འགྲེམས་སྟོན་བརྒྱུད་ནས་མཉམ་ལས་རོགས་ཟླ་བཙལ་བ་དང་གན་རྒྱ་འཇོག་རྒྱུའི་རེ་བ་ཡོད་”ཅེས་ཨ་པོ་དབྱི་མོ་ཝས་བརྗོད་ཅིང་། ཁོང་གིས་དེའི་ཆེད་ཀུང་སིས་ད་དུང་ད་ལོའི་ཟླ་7པར་ཀྲུང་གོ་(མན་ཀྲོའུ་ལི་)བྱང་ཕྱོགས་རྒྱལ་སྤྱི་ཚན་རྩལ་དངོས་མང་སྟོན་ཚོགས་ནང་ཞུགས་ཡོད་ཅེས་བཤད་པ་རེད།
         ཨ་པོ་དབྱི་མོ་ཝས་སྟོན་ཚོགས་ནང་མ་ཞུགས་གོང་ངས་ཉམས་མྱོང་ཡོད་པའི་ལས་རིགས་གཅིག་པའི་མི་སྣའི་འགྲམ་ནས་ཇི་ལྟར་བྱས་ཏེ་ཀྲུང་གོའི་རོགས་ཟླ་དང་འབྲེལ་བ་བྱེད་སྟངས་སློབ་སྦྱོང་ནན་ཏན་བྱས་མྱོང་ཡོད་ཅེས་བརྗོད། ཨ་པོ་དབྱི་མོ་ཝས་ཡོ་རོབ་དང་ཨེ་ཤེ་ཡའི་དཔལ་འབྱོར་མནའ་མཐུན་དང་དར་གོས་ལམ་བུའི་དཔལ་འབྱོར་ཁུལ་སྦྲེལ་མཐུད་བྱས་རྗེས་ཀུང་སིས་ཀྲུང་གོའི་ཁྲོམ་རར་ཞུགས་རྗེས་ཀྱི་ཁྲལ་འབབ་དང་ཚོང་རྟགས་དཔང་བདེན་ར་སྤྲོད་བྱེད་པའི་ཐད་ལའང་སྦྲེལ་མཐུད་ནུས་ལྡན་ཡོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
         ཁོང་གིས་ཕྱི་རྒྱལ་གྱི་མཉམ་ལས་རོགས་ཟླ་འཚོལ་བ་དང་གདམ་ག་བྱེད་པའི་ཟུར་ཚད་ཐོག་ནས་བལྟས་ན་ཨུ་རུ་སུའི་ཁེ་ལས་ཀྱི་མིག་རྒྱང་དེ་ཀྲུང་གོར་ཕྱོགས་དགོས་ཀྱི་ཡོད་ཅེས་བརྗོད་པ་དང་། ཁོང་གིས་“མིག་སྔར་ཀྲུང་གོར་རང་བྱུང་ཐོན་རྫས་ཀྱི་དགོས་མཁོ་ཟམ་མི་ཆད་པར་ཆེ་རུ་འགྲོ་བ་མ་ཟད། ཨུ་རུ་སུའི་ས་གནས་ཁག་གི་ཁེ་ལས་ཀྱི་ལེགས་ཆ་ཆེ་ཤོས་ནི་རང་བྱུང་ཐོན་རྫས་ཡིན་པ་རེད། རང་ཀུང་སིས་ཐོན་སྐྱེད་བྱས་པའི་མཛེས་འཆོས་བྱུག་རྫས་ཚང་མ་རང་བྱུང་གི་སྨན་རྩྭའི་རིགས་སྐྱེ་དངོས་དང་གཏེར་རྒྱུར་བརྟེན་པ་ཡིན་པས་ཀྲུང་གོའི་འཛད་སྤྱོད་པའི་དགོས་མཁོ་སྐོང་ཐུབ་རྒྱུའི་རེ་བ་ཡོ་ད”ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།