འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་9སྐྲུན་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་9གོང་ཚེས་ཉིན་ཁྲེང་ཏུའུ་དང་། མེ་ཧྲན། དཀར་མཛེས་ཀྲོའུ་སོགས་ས་གནས་ལྔ་རུ་མཉམ་དུ་སྐྲུན་འགོ་ཚུགས་ནས་སི་ཁྲོན་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན་ཐད་ཡང་བསྐྱར་ཚ་རླབས་ཤིག་འཕྱུར་བ་དང་ཆབས་ཅིག་མྱུར་བགྲོད་གཞུང་ལམ་འཛུགས་སྐྲུན“སྐྱོན་ཆ་གསབ་པ”ནས“འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”བར་དང་། “གཞི་རྩ་འགན་ལེན”ནས“རིམ་པ་མཐོ་རུ་གཏོང་བའི”བར་གྱི་འཕོ་འགྱུར་གལ་ཆེན་མངོན་འགྱུར་བྱུང་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། 2016ལོའི་སི་ཁྲོན་གྱིས་སྐྲུན་འགོ་འཛུགས་རྩིས་ཡོད་པའི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་13ཡོད་པ་དེ་དག་གི་རིང་ཚད་སྤྱི་ལེ་1164དང་མ་འཇོག་བསྡོམས་འབོར་སྒོར་དུང་ཕྱུར་1688ཟིན་པ་མ་ཟད་དཔལ་འབྱོར་ཁུལ་ཆེན་པོ་5དང་གྲོང་ཁྱེར་ཁྱུ་ཚོགས་ཆེན་པོ་4ཡི་གྲོང་ཁྱེར་(ཀྲོའུ)12དང་འབྲེལ་བ་ཡོད་པས་དེ་ནི་ཉེ་བའི་ལོ་ཤས་རིང་གཅིག་སྡུད་ཐོག་ལས་འགོ་འཛུགས་མང་ཤོས་ཤིག་ཡིན་པ་རེད། གོང་ཚེས་ཉིན་ལས་འགོ་བཙུགས་པའི་མྱུར་བགྲོད་གཞུང་ལམ་9ཕུད་ད་དུང་ཟླ་བརྒྱད་པའི་ནང་དུ་ཁྲེང་ཏུའུ་ཐེན་ཧྥུའུ་རྒྱལ་སྤྱིའི་གནམ་ཐང་གི་མྱུར་བགྲོད་གཞུང་ལམ་དང་ཁྲེང་ཕིང་མྱུར་བགྲོད་གཞུང་ལམ་གྱི་གཤོང་ཚད་ཆེ་རུ་གཏོང་བའི་ལས་གྲྭ་ཡང་སྐྲུན་འགོ་ཚུགས་པ་དང་། ལོ་མཇུག་གོང་དུ་G8515ལམ་ཐིག་རྒྱུད་ཀྱི་རུང་ཁྲང་ནས་ཧུའུ་ཀྲོའུ་བར་གྱི་མྱུར་བགྲོད་གཞུང་ལམ་(སི་ཁྲོན་གྱི་ས་ཁོངས)དང་། G0511ལམ་ཐིག་རྒྱུད་ཀྱི་ཏེ་དབྱང་ནས་ཏུའུ་ཅང་ཡན་བར་གྱི་མྱུར་བགྲོད་གཞུང་ལམ་གཉིས་ཀྱང་སྐྲུན་འགོ་འཛུགས་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།