འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རྗེས་ལུས་ཐོན་ནུས་ཏུན་ཁྲི་225ཕྱིར་འབུད་
    བྱ་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་《བཟོ་ལས་ཁྱབ་ཁོངས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་འདུ་འགོད་ལག་བསྟར་བྱ་རྒྱུའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་བསམ་འཆར་》བཏོན་པ་དང་བསམ་འཆར་ནང་ལོ་གསུམ་གྱི་དུས་ཚོད་སྤྱད་དེ་རྗེས་ལུས་ཐོན་ནུས་ཏུན་ཁྲི་225ཕྱིར་འབུད་བྱ་རྒྱུ་ཡིན་པ་བཏོན་ཡོད།
         མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས“ལོ་དང་པོར་གནས་ཚུལ་ལ་འགྱུར་ལྡོག་གཏོང་བ་དང་། ལོ་གཉིས་པར་བརྟན་པོ་ཡོང་བར་བྱེད་པ། ལོ་གསུམ་པར་མཐོ་རུ་གཏོང་བ”བཅས་ཀྱི་ལས་ཆོད་བླང་བྱ་གཞིར་བཟུང་། ལོ་གསུམ་གྱི་འབད་བརྩོན་བརྒྱུད། བཟོ་ལས་ཁེ་ལས་ཀྱི་རང་རྟེན་གསར་གཏོད་ནུས་པ་མངོན་གསལ་དོད་པོས་ཆེ་རུ་བཏང་སྟེ་མཚོ་སྔོན་ཞིང་ཆེན་རིམ་པའི་ལག་རྩལ་ལྟེ་གནས་ཀྱིས་ཞིབ་བཟོ་དང་མ་དངུལ་གཏོང་ཚད་ཕྱིར་ཚོང་ཡོང་འབབ་བསྡུར་ཚད་ཀྱི་3%བཟུང་བ་དང་རིམ་རྩིས་བྱས་ན་ལག་རྩལ་སྒྱུར་བཅོས་རྣམ་གྲངས་600ལེགས་སྒྲུབ་ཐུབ་རྒྱུའི་བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།
         དུས་མཚུངས་མཚོ་སྔོན་གྱིས“བེད་མེད”ཁེ་ལས་ཀྱི་རིགས་དབྱེ་འོས་འཚམ་ངང་ཐག་གཅོད་བྱས་ཏེ་ངར་ལྕགས་ཏུན་ཁྲི་50དང་རྡོ་སོལ་ཏུན་ཁྲི་276ཡི་གནོན་ཤུགས་ཆུང་དུ་གཏོང་བའི་དམིགས་ཚད་ལེགས་སྒྲུབ་བྱས་ནས་རིགས་ཁག་གི་རྗེས་ལུས་ཐོན་ནུས་ཏུན་ཁྲི་225ཕྱིར་འབུད་བྱ་རྒྱུ་ཡིན་པ་རེད།
         གཞན་ཡང་《ཀྲུང་གོའི་བཟོ་སྐྲུན་2025》དོན་འཁྱོལ་བྱ་རྒྱུར་དམིགས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་བརྒྱུད་ནས་བཟོ་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་གཏོད་རྒྱུ་མཐའ་འཁྱོངས་བྱས་ཏེ་བཟོ་ལས“4322”འདུ་འགོད་ལག་བསྟར་བྱ་རྒྱུ་སྟེ། ལིས་གློག་རྫས་དང་། རྒྱུ་ཆ་གསར་པ། འོད་ཤུགས་དང་འོད་ཚ། ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་སོགས་སྒོར་དུང་ཕྱུར་སྟོང་ཕྲག་བཞི་ཡི་ཐོན་ལས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྒྱག་པ་དང་། གཙོ་གནད་བཟོ་ལས་རྣམ་གྲངས་300ལག་བསྟར་བྱེད་པ། ལག་རྩལ་སྒྱུར་བཅོས་དང་གསར་གཏོད་འགག་སྒྲོལ་གྱི་རྣམ་གྲངས་200ལ་དམ་འཛིན་བཅས་བྱས་ཏེ་ཁེ་ལས་ཀྱི་གསར་གཏོད་དང་འཕེལ་རྒྱས་ནུས་པ་ཆེ་རུ་བཏང་ནས་ཐོན་ལས་ཆུ་ཚད་མཐོ་འབྲིང་དུ་མགྱོགས་མྱུར་སླེབས་པ་བྱ་རྒྱུ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།