འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་དབྱར་དུས་སུ་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་རྒྱུགས་ཚད་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཚད་
    དམའ་ཤོས་སུ་སླེབས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་ཆ་འཕྲིན་ལས་མངོན་དོན། འདི་ལོའི་དབྱར་དུས་སུ་རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་དྲོད་ཚད་རྒྱུན་གཏན་དང་བསྡུར་ན་ཧ་ཅང་མཐོ་པོ་ཡོད་པ་དང་ཆར་ཆུ་འབབ་ཚད་དོ་སྙོམས་མེད་པས། རྨ་ཆུའི་སྟོད་རྒྱུད་དུ་ཆུ་བོ་རྒྱུགས་ཚད་ཆུང་དུ་སོང་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཚད་དམའ་ཤོས་སུ་སླེབས་ཡོད།
         མཚོ་སྔོན་ཞིང་ཆེན་གནམ་གཤིས་ལྟེ་གནས་ཀྱི་དཔྱད་གཞིའི་ཡིག་ཆ་ལས་མངོན་དོན། འདི་ལོའི་ཟླ་དྲུག་པ་དང་བདུན་པར་རྨ་ཆུའི་སྟོད་རྒྱུད་བཞུར་རྒྱུན་ཁུལ་གཙོ་བོའི་ཆར་ཆུ་འབབ་ཚད་ཧའོ་སྨི་77.3དང་ཧའོ་སྨི་99.5ཟིན་ནས་རྒྱུན་གཏན་དང་བསྡུར་ན་ཆར་ཆུ་འབབ་ཚད་སོ་སོར་བརྒྱ་ཆ་སུམ་ཅུ་དང་ཉི་ཤུ་ཆག་ཡོད། ཟླ་བརྒྱད་པའི་ཆར་ཆུ་འབབ་ཚད་ཧའོ་སྨི་98.8ཟིན་ནས་རྒྱུན་གཏན་དང་འདྲ་པོ་ཡོད།
         རྨ་ཆུའི་སྟོད་རྒྱུད་ཐང་ནག་ཆུ་དཔྱད་ས་ཚིགས་སུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད། འདི་ལོའི་དབྱར་དུས་ཀྱི་ཆ་སྙོམས་ཆུ་བོའི་རྒྱུགས་འབོར་སྐར་ཆ་རེར་སྨི་རྒྱ་དཔངས་གྲུ་བཞི་མ་625.0ཡིན་པ་དང་རྒྱུན་གཏན་གྱི་དུས་མཚུངས་ལས་42.9%ཡིས་སྐམ་ཤས་ཆེ་བ་ཡོད་པས། 1956ལོ་ཚུན། ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཆུ་བོ་རྒྱུགས་ཚད་ཉུང་ཤོས་ཡིན་པ་རེད།
         མ་ཀྲན་ལེང་གིས་དབྱར་དུས་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་བོ་རྒྱུག་ཚད་རྒྱུན་མཐུད་དུ་ཆག་པས། རྨ་ཆུའི་སྟོད་རྒྱུད་ས་ཁུལ་གྱི་གློག་མཁོ་འདོན་དང་། ཞིང་ལས་ཆུ་འདྲེན། དེ་བཞིན་སྨད་རྒྱུད་དུ་ཆུ་མཁོ་སྤྲོད་བྱ་རྒྱུར་ཤུགས་རྐྱེན་ཐེབས་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།