འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་འགྲེམས་ཚོགས་ཀྱིས་ཐང་གའི་རབ་དགའི་དུས་ཆེན་བསུས།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 09:03】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་འགྲེམས་ཚོགས་ཀྱིས་ཐང་གའི་རབ་དགའི་དུས་ཆེན་བསུས།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་10ཉིན་སྐབས་གསུམ་པའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་དང་རིག་གནས་ཀྱི་རྒྱལ་སྤྱིའི་འགྲེམས་ཚོགས་བྱེད་སྒོའི་གྲས་ཤིག་ཡིན་པའི་སྐབས་གསུམ་པའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་ལྷ་སར་གཉེར་བ་དང་། ཟླ་10ཚེས་10ཉིན་བར་གྱི་ཟླ་བ་གཅིག་ནང་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་འགྲེམས་སྟོན་རྩེ་གྲ་དང་། ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་བརྩམས་ཆོས་ཉོ་ཚོང་འགྲེམས་སྟོན། ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་གྱི་གླེང་སྟེགས་རྩེ་གྲ་བཅས་དང་དེ་བཞིན་སྒྱུ་རྩལ་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སོགས་བྱེད་སྒོ་སྤེལ་རྒྱུ་རེད། 2014ལོར་སྐབས་དང་པོའི་བོད་ལྗོངས་འགྲེམས་ཚོགས·ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་བདེ་བླག་ངང་གཉེར་ཚུན་ལོ་རེར་སྐབས་རེ་གཉེར་བའི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་འཛམ་གླིང་དང་བོད་ལྗོངས་དབར་གྱི་རིག་གནས་དང་དཔལ་འབྱོར་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་། བོད་ཀྱི་རིག་གནས་ཐོན་ལས་འཕེལ་རྒྱས་ཆེན་པོའི་སྣེ་འཁྲིད་པ། བོད་ལྗོངས་དང་ཕྱི་རོལ་ཡུལ་གྱི་རིག་གནས་མཉམ་ལས་ཀྱི་སྟེགས་བུ་གསར་པ་གཏོད་པ། བོད་ཀྱི་རིག་གནས་ཕྱི་རྒྱལ་དང་ཐ་ན་འཛམ་གླིང་ཕྱོགས་སུ་སྐྱོད་པའི་སྟེགས་བུ་གཏོད་རྒྱུར་སྐུལ་མ་གཏོང་བ་བཅས་སུ་གྱུར་པ་དང་ཐང་གའི་སྒྱུ་རྩལ་དུས་ཆེན་ལའང་རྒྱལ་ཁབ་ཕྱི་ནང་གི་ཐང་གར་དགའ་པོ་བྱེད་མཁན་དང་སྒྱུ་རྩལ་མཁས་ཅན་ཚོའི་མཐོང་ཆེན་ཐོབ་ཅིང་། འདི་ནི་ཟླ་9ཚེས་14ཉིན་ཡུལ་སྐོར་བ་ཁ་ཤས་དང་ས་གནས་དེ་གའི་མང་ཚོགས་ཀྱིས་ནོར་བུ་གླིང་ཁར་གཉེར་བའི“རྡོ་ལུགས་ཐང་གའི་འགྲེམས་སྟོན”ལ་ལྟ་བའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།