འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཞབས་ཞུའི་རིགས་ཀྱི་ཚོང་དོན་24.6%འཕར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་22ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་20ཉིན་ཚོང་དོན་པུས་ཁྱབ་བསྒྲགས་བྱས་པའི་གཞི་གྲངས་ཐོག་ནས་མངོན་པར། འདི་ལོའི་ཟླ་བ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཞབས་ཞུའི་རིགས་ཀྱི་ཚོང་དོན་མུ་མཐུད་འཕེལ་རྒྱས་མྱུར་པོ་བྱུང་ཞིང་། ཞབས་ཞུའི་རིགས་ཀྱི་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་30129.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་24.6%འཕར་ཡོད་པ་རེད།
         ཚེས་20ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པ་ཧྲེན་ཏན་དབྱང་གིས་ཚོང་དོན་པུའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་འདི་ལོ་ཤར་ཚུན་རང་རྒྱལ་གྱི་ཞབས་ཞུའི་རིགས་ཀྱི་ཕྱིར་གཏོང་ནང་འདྲེན་ཟླ་བ་བདུན་བསྟུད་མར་གྲངས་གནས་གཉིས་ཀྱི་ཐོག་ནས་འཕར་བའི་ནང་ཟླ་གསུམ་པ་ནས་བདུན་པའི་བར་འཕར་ཚད་20%ཡན་ཟིན་ཡོད། ཞབས་ཞུའི་རིགས་ཀྱི་ཚོང་དོན་གྱིས་ཕྱི་ཕྱོགས་ཚོང་དོན་ནང་བཟུང་བའི་བསྡུར་ཚད་མུ་མཐུད་མཐོ་རུ་སོང་ཞིང་། ཟླ་བ་དང་པོ་ནས་བདུན་པ་བར་བཟུང་བའི་བསྡུར་ཚད་18.2%ཟིན་ནས་2015ལོའི་ལོ་ཧྲིལ་པོར་བཟུང་བའི་བསྡུར་ཚད་ལས་བརྒྱ་ཆའི་གྲངས་2.8མཐོ་རུ་སོང་ཡོད་ཅེས་གསུངས་པ་རེད།
         ཚོང་དོན་པུའི་གཞི་གྲངས་ལ་གཞིགས་ན། ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་10477.1ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་10.8%འཕར་བ་དང་། ཞབས་ཞུ་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་19652.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་33.5%འཕར་ཡོད་པ་རེད།
         རང་རྒྱལ་གྱི་ཟུར་བསྣན་རིན་ཐང་མཐོ་བའི་ཞབས་ཞུ་ཕྱིར་གཏོང་མགྱོགས་པོ་བྱུང་ལ་ཕྱིར་གཏོང་གྲུབ་ཆའང་ལེགས་སྒྲིག་བྱུང་ཡོད། ཧྲེན་ཏན་དབྱང་གིས་ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་གློག་འཕྲིན་དང་། རྩིས་འཁོར། ཆ་འཕྲིན་བཅས་ཀྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1039.6ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་20.8%འཕར་བ་དང་། ལག་རྩལ་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་499.7ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་25.3%འཕར་བ། སྲུང་སྐྱོབ་དང་ཉམས་བཟོའི་ཞབས་ཞུ་དང་། བརྡ་ཆ་ཞབས་ཞུ། དངུལ་རྩའི་ཞབས་ཞུ་བཅས་ལོ་གོང་མའི་དུས་མཚུངས་ལས་59.8%དང་། 54.7% 42.9%བཅས་སོ་སོ་འཕར་ཡོད་པ་རེད།
         གཞན་ཡང་ཡུལ་སྐོར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་མགྱོགས་པོ་འཕར་ལ་ཡུལ་སྐོར་གྱི་ནང་འདྲེན་བསྡུར་ཚད་ཆེ་རུ་ཕྱིན་ཡོད་པ་རེད། ཚོང་དོན་པུའི་གཞི་གྲངས་ཐོག་ནས་མངོན་པར་གཞིགས་ན། ཟླ་དང་པོ་ནས་བདུན་པ་བར་རང་རྒྱལ་གྱི་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་30%ལས་བརྒལ་ཡོད། དེའི་ནང་ཡུལ་སྐོར་གྱི་(ཡུལ་སྐོར་དང་ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་མཁན་ཚུད་པ་)ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་12764.5ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་53.2%འཕར་ནས་ཞབས་ཞུ་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པའི་རྒྱུ་རྐྱེན་གཙོ་བོ་ཞིག་རེད། འགན་བཅོལ་ཞབས་ཞུ་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་468.3ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་86.6%འཕར་ཡོད་པ་རེད།
         ཧྲེན་ཏན་དབྱང་གིས་ཞབས་ཞུའི་ཚོང་དོན་གསར་གཏོད་ས་ཚིགས་ས་ཁུལ་གྱི་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བྱེད་ཚད་ཇེ་མཐོར་སོང་ཞིང་། 2016ལོའི་ལོ་སྟོད་དུ་ཞབས་ཞུའི་ཚོང་དོན་གསར་གཏོད་འཕེལ་རྒྱས་ཀྱི་ཚོད་ལྟའི་ལས་དོན་སྤེལ་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པའི་ཞིང་ཆེན་དང་། གྲོང་ཁྱེར། ས་ཁུལ་བཅས་15ཡིས་རིམ་རྩིས་བརྒྱབ་ན་ཞབས་ཞུ་ཕྱིར་གཏོང་ནང་འདྲེན་བསྡོམས་འབོར་ཨ་སྒོར་དུང་ཕྱུར་2137.5ཟིན་པ་དང་། རྒྱལ་ཡོངས་ཀྱི་བསྡུར་གྲངས་ནང་བཟུང་ཚད་47.5%ཟིན་ནས་2015ལོའི་ལོ་ཧྲིལ་པོ་ལས་བརྒྱ་ཆའི་གྲངས་0.8མཐོ་རུ་སོང་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།