འཚོལ་བཤེར།   
藏文频道
2016ལོའི་ཟླ་9ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་ཤུལ་དུ་གཅེས་སེམས་དངོས་པོ་འབྱོར་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 09ཚེས་18ཉིན། 09:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུལ་ཤུལ་དུ་གཅེས་སེམས་དངོས་པོ་འབྱོར་བ།
         མི་དམངས་དྲ་བའི་འཕྲིན། ཟླ་9ཚེས་4ཉིན་ཀྲུང་གོའི་ལོ་ཆུང་བྱིས་པ་ཐེབས་རྩ་ལྷན་ཚོགས་དང་སྤྱི་ཚོགས་ལས་རིགས་ཁག་གི་གཅེས་སེམས་ཚོགས་པ་ཡུལ་ཤུལ་དུ་བསྐྱོད་ནས་ཡུལ་དེའི་ཕྲུ་གུ་ཚོར་སྒོར་ཁྲི་232རི་བའི་གཅེས་སེམས་དངོས་པོ་11600སྤྲད་པ་རེད།
         གཅེས་སེམས་དངོས་པོ་སྤྲོད་པའི་བྱེད་སྒོ་ནི་ཀྲུང་གོའི་ལོ་ཆུང་བྱིས་པ་ཐེབས་རྩ་ལྷན་ཚོགས་ཀྱིས་2015ལོའི་ལོ་མཇུག་ཏུ་སྤེལ་འགོ་ཚུགས་པའི་རྒྱ་ཆེའི་ཁྱིམ་ཚང་དབུལ་པོའི་བྱིས་པ་དང་གཞིས་ལུས་བྱིས་པ་ཚོར་ཕྱོགས་པའི་སྤྱི་ཕན་རྣམ་གྲངས་ཤིག་རེད། དེའི་ནང་སློབ་མའི་མཁོ་ཆས་དང་གེགས་རྗེས་འཕྲལ་སྡོམ་མཁོ་ཆས་ཁག་གཉིས་ཚུད་པ་དང་། དུས་ཚིགས་མི་འདྲ་བར་གཞིགས་ཏེ་དཔྱིད་དབྱར་དང་སྟོན་དགུན་གྱི་མཁོ་ཆས་ཁག་གཉིས་ལ་དབྱེ་བ། སློབ་སྦྱོང་དང་འཚོ་བའི་མཁོ་ཆས་སྣ་ཁ་18ཚུད་པ། གེགས་རྗེས་འཕྲལ་སྡོམ་མཁོ་ཆས་དེ་རྒྱུན་གཏན་གྱི་མཁོ་ཆས་ཀྱི་རྨང་གཞིའི་ཐོག་གེགས་རྗེས་འཕྲོད་བསྟེན་དང་རིམས་འགོག་གི་མཁོ་ཆས་དང་དེ་བཞིན་དཔེ་ཁུག་སོགས་ཀྱི་སློབ་སྦྱོང་མཁོ་ཆས་མང་དུ་བཏང་ཡོད།
         མཚོ་སྔོན་ཡུལ་ཤུལ་གྱི་ཆ་ཚང་སློབ་ཆུང་བཞི་པའི་བོད་རིགས་སློབ་ཕྲུག་ཆིག་སྟོང་ཙམ་ལ“HELLOཕྲུ་གུ”ཞེས་པའི་གཅེས་སེམས་དངོས་པོ་རག་པ།
      

    ཕྱོགས་བསྡུས་གསར་འགྱུར།