འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག་ཐེངས་དང་པོ་སྤྱོད་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས“ཡོངས་འཛིན་བོད་ཡིག་འཚོལ་བཤེར་མ་ལག་ཤར་གཏོང་མཛད་སྒོ”འཚོགས་པ་དང་དེ་ཐོག་ནས་གོ་ལ་ཧྲིལ་པོའི་བོད་ཡིག་འཚོལ་བཤེར་མ་ལག་དངོས་སུ་བེད་སྤྱོད་གཏོང་འགོ་ཚུགས་པ་མཚོན་གྱི་ཡོད་པ་རེད། འཚོལ་བཤེར་མ་ལག་གི་དྲ་ཚུགས་མིང་www.yong zin.comཡིན་པ་རེད།
         “ཡོངས་འཛིན”འཚོལ་བཤེར་མ་ལག་གིས་གོ་ལ་ཧྲིལ་པོའི་བོད་ཡིག་དྲ་དམངས་ཀྱི་རང་གཤིས་ཅན་གྱི་འཚོལ་བཤེར་དགོས་མཁོ་སྐོང་རྒྱུ་དང་དུས་མཚུངས་བོད་ཡིག་ཆ་འཕྲིན་ཞིབ་འཇུག་བྱས་འབྲས་ཀྱི་ལག་རྩལ་གཞན་སྒྱུར་དང་བེད་སྤྱོད་ཐུབ་པ་བྱས་ཏེ་བོད་ཡིག་ཆ་འཕྲིན་ཆ་ཚང་བའི་ངང་དྲ་སྦྲེལ་དང་མཉམ་འདྲེས་ཐུབ་པ་བྱ་རྒྱུ་རེད།
         “ཡོངས་འཛིན”འཚོལ་བཤེར་མ་ལག་ལོ་གཅིག་ལྷག་ཙམ་དྲ་ཐོག་ཚོད་ལྟ་བྱེད་པའི་བརྒྱུད་རིམ་ནང་མ་ལག་གི་བློས་འགེལ་རུང་རང་བཞིན་དང་། བརྟན་པོའི་རང་བཞིན། དངོས་སུ་བེད་སྤྱོད་ཐུབ་ཚད་བཅས་ལ་ཚོད་ལྟ་ར་འཕྲོད་ཐུབ་པ་དང་། དེའི་འབྲས་བུ་ལས“ཡོངས་འཛིན”འཚོལ་བཤེར་ནུས་པ་ཆ་ཚང་བ་དང་། འཚོལ་བཤེར་མྱུར་ཚད་མགྱོགས་པ། འཚོལ་བཤེར་ཐུབ་ཚད་དང་འཚོལ་བཤེར་གནད་ལ་འཁེལ་ཚད་95%ཡན་ཟིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།