འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཕ་ཁི་སི་ཐན་གྱིས་རང་རྒྱལ་གྱི་གེགས་ཁུལ་ལ་འབྲས་ཏུན་ཁྲི་1ཞལ་འདེབས་བརྒྱབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཟླ་8ཚེས་22ཉིན་གྱི་ཕྱི་དྲོ། ཕ་ཁི་སི་ཐན་གྱིས་འདི་ལོ་རང་རྒྱལ་གྱི་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་ཁུལ་དུ་ཞལ་འདེབས་བརྒྱབ་པའི་ཁག་དང་པོའི་འབྲས་ཏུན་22ཝུའུ་ཧན་ཐེན་ཧོ་གནམ་ཐང་དུ་འབྱོར་ཞིང་། ཤེས་རྟོགས་བྱུང་བར་གཞིགས་ན། ཕ་ཁི་སི་ཐན་གྱིས་རང་རྒྱལ་གྱི་གེགས་ཁུལ་ལ་ཞལ་འདེབས་བརྒྱབ་པའི་འབྲས་ཏུན་ཁྲི་1དེ་དག་གེགས་ཁུལ་གྱི་གནས་ཚུལ་དངོས་ལ་གཞིགས་ནས་ཧུའུ་པེ་གེགས་ཁུལ་དུ་སྤྲོད་རྒྱུ་ཡིན་པ་རེད།
         ཧུའུ་པེ་ཞིང་ཆེན་སྲིད་གཞུང་གིས་ཐེན་ཧོ་གནམ་ཐང་དུ་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་དང་། ཀོང་ཀྲོའུ་རུ་བཅའ་སྡོད་ཕ་ཁི་སི་ཐན་གྱི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་སྤྱི་ཁྱབ་ཁེ་སྐྱོང་བ་ཨ་ལི·ཨའེ་ཧ་མའེ་ཏེ·ཨ་ལུན་དང་དམངས་སྲིད་པུའི་གེགས་སེལ་སིའི་སི་ཀྲང་གཞོན་པ་དབྱང་ཞའོ་ཏུང་མཛད་སྒོར་ཕེབས་ཡོད། ཨ་ལི·ཨའེ་ཧ་མའེ་ཏེ·ཨ་ལུན་གྱིས་ཕ་ཁི་སི་ཐན་སྲིད་གཞུང་དང་མི་དམངས་ཀྱིས་ཀྲུང་གོའི་གནོད་འཚེ་ཕོག་པའི་མང་ཚོགས་ཚོར་བྱམས་བརྩེའི་འཚམས་འདྲི་གནང་ལུགས་བརྒྱུད་ཞུ་གནང་སྟེ། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོར་ཆུ་ལོག་དང་ཞོད་སྐྱོན་གྱི་གནོད་འཚེ་ཕོག་ཚུལ་ལ་དུས་དང་རྣམ་པ་ཀུན་ཏུ་དོ་ཁུར་བྱེད་ཀྱི་ཡོད། ད་རེས་འབྲས་ཞལ་འདེབས་བརྒྱབ་ནས་ཀྲུང་གོའི་གནོད་འགོག་གེགས་སེལ་དང་ཁྱིམ་གཞིས་བསྐྱར་སྐྲུན་ཆེད་ནུས་པ་ཕྲན་ཙམ་འདོན་ཐུབ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།
         དབྱང་ཞའོ་ཏུང་གིས་ཐུགས་རྗེ་ཆེ་ཞུས་ཤིང་། དཀའ་ངལ་འཕྲད་སྐབས་བརྩེ་སེམས་མངོན། ཕ་ཁི་སི་ཐན་གྱི་བྱེད་སྟངས་དེས་རང་རྒྱལ་གྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགན་ལེན་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་ཕན་ཐོགས་ཡོད་པ་དང་། དེ་ཐོག་ནས་ཕ་ཁི་སི་ཐན་ནི་ཀྲུང་གོ་མི་དམངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླ་དང་གྲོགས་པོ་བློས་ཐུབ་ཅིག་ཡིན་པའི་བརྩེ་སེམས་ཟབ་མོ་མངོན་གྱི་ཡོད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།