འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱིས་རླངས་རོ་དེ་བཟོ་ལས་རྒྱུ་ཆར་སྒྱུར་རྩིས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:09】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་འཇར་མན་རྒྱལ་ཕྲན་མཉམ་འབྲེལ་སློབ་གསོ་ཞིབ་འཇུག་པུས“དབྱང་གཉིས་ཐན་འགྱུར་རྫས་འགྱུར་བཟོ་ལས”ཞེས་པའི་ཚན་ཞིབ་རྣམ་གྲངས་ཆེན་པོ་དངོས་སུ་ལག་བསྟར་བྱེད་འགོ་ཚུགས་པ་ཁྱབ་བསྒྲགས་བྱས་ཏེ་བཟོ་ལས་ཐོན་སྐྱེད་བྱེད་སྐབས་ཕྱིར་འབུད་བྱས་པའི་དབྱང་གཉིས་ཐན་འགྱུར་སོགས་ཀྱི་རླངས་རོ་ཚུར་བསྡུ་བེད་སྤྱོད་བྱས་ནས་དེ་རྫས་འགྱུར་བཟོ་ལས་ལ་མཁོ་བའི་རྒྱུ་ཆར་སྒྱུར་བ་བྱ་རྒྱུ་དང་། འཇར་མན་བཟོ་ལས་ལས་རིགས་དང་རིག་གཞུང་ལས་རིགས་ཀྱི་མཉམ་ལས་རོགས་ཟླ་17གྱིས་རྣམ་གྲངས་འདི་མཉམ་དུ་བསྒྲུབ་རྒྱུ་རེད།
         སློབ་གསོ་ཞིབ་འཇུག་པུའི་དྲ་ཚིགས་ནས་ངོ་སྤྲོད་བྱས་པར། རྣམ་གྲངས་འདིར་རྨང་གཞིའི་ཞིབ་འཇུག་དང་། བཀོལ་སྤྱོད་ཞིབ་འཇུག བཟོ་ལས་ལག་ལེན་བཅས་གཞི་གཅིག་ཏུ་བསྡུས་ཡོད། འདིའི་དམིགས་ཡུལ་ནི་གོ་ལ་ཧྲིལ་པོར་འཚམ་པའི་ཐག་གཅོད་ཇུས་གཞི་ཞིག་འཚོལ་རྒྱུ་དེ་རེད། དཔེར་ན། ངར་ལྕགས་བཟོ་གྲྭའི་ཁྲོ་ཐབ་ཆེན་པོ་ནས་འབུད་པའི་རླངས་རོ་འདི་ཨན་སོགས་འབར་རྫས་དང་། འགྱིག་རྫས། ལུད་བཅས་ཀྱི་དངོས་པོ་ཐོན་སྐྱེད་ཐད་སྤྱོད་རྒྱུ་རེད། གཞན་སྒྱུར་བྱེད་པའི་བརྒྱུད་རིམ་ལ་མཁོ་བའི་ཆིང་འདི་བསྐྱར་སྐྱེས་ནུས་རྒྱུ་ལས་བྱུང་བའི་གློག་ཤུགས་ལྷག་མ་ནས་བཟོས་ནས་ཐོབ་ཀྱི་ཡོད། སློབ་གསོ་ཞིབ་འཇུག་པུས་རྣམ་གྲངས་འདིར་ཡོ་རོབ་དངུལ་ལོར་སྒོར་ཁྲི་6000ལྷག་ཙམ་རོགས་སྐྱོར་བྱ་རྒྱུའི་ཁས་ལེན་པ་དང་རྣམ་གྲངས་འདིའི་ནང་ཞུགས་མཁན་རོགས་ཟླ་ཚོས་ཀྱང་2025ལོའི་གོང་ཡོ་རོབ་དངུལ་ལོར་སྒོར་དུང་ཕྱུར་1ལྷག་ཙམ་གཏོང་རྩིས་ཡོད། 
      

    ཕྱོགས་བསྡུས་གསར་འགྱུར།