འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོངས་འཛིན་འཚོལ་བཤེར་ཤར་གཏོང་མཛད་སྒོ་མཚོ་ལྷོ་ནས་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་22ཉིན། 15:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    མཚོ་ལྷོ་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ་བ།
    མཚོ་ལྷོ་ཁུལ་གྱི་ཏང་ཨུ་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་བསོད་ནམས་དོན་འགྲུབ་ཀྱིས་ཤིས་ཚིག་ཕུལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས22ཉིན། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་སྲིད་གཞུང་གིས་གཙོ་སྒྲུབ་དང་མཚོ་ལྷོ་ཁུལ་བོད་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཚོགས་དང་མཚོ་ལྷོ་ཁུལ་བོད་ཡིག་བརྡ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས། མཚོ་ལྷོ་ཁུལ་ཡོངས་འཛིན་བོད་ཡིག་བརྡ་འཕྲིན་ལག་རྩལ་ཚད་ཡོད་ཀུང་ཟིས་རོགས་སྒྲུབ་བྱས་བའི་ཡོངས་འཛིན་འཚོལ་བཤེར་མ་ལག་ཤར་གཏོང་མཛད་སྒོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ནས་བསྡུས་པ་རེད།
         མཛད་སྒོའི་སྟེང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ་དང་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཀྲང་ཞིས་མིན། ཞིང་ཆེན་དམངས་འཐུས་ཚོགས་ཆེན་གྱི་ཀྲུའུ་རིན་གཞོན་པ་སྟག་འབུམ་ཐར། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་སྤྱི་ཁྱབ་ལས་འཛིན་གཞོན་པ་ཟུར་པ་བློ་བཟང་ལྷུན་གྲུབ་རྡོ་རྗེ། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ལིའོ་ཝུན་ཧྲུན། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གཞོན་པའམ་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་མཁས་པ། ཞིང་ཆེན་རིག་གནས་གསར་འགྱུར་པར་སྐྲུན་ཐིན་གྱི་ཐིན་ཀྲང་ཀའོ་ཡུས་ཧྥུན་སོགས་ཞུགས་ཡོད་ལ། ཚོགས་ཐོག་ཏུ་ད་དུང་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཡོན་ཀྲང་ངམ་སློབ་དཔོན་ཆེན་མོ། འབུམ་རམས་པའི་སློབ་སྟོན་པ་ཚེ་རིང་ཐར་དང་། ནུབ་བྱང་མི་རིགས་སློབ་ཆེན་བོད་རིག་པའི་སློབ་གླིང་གི་ཡོན་ཀྲང་པད་མ་དབང་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན་གྱི་སློབ་གཙོ་གཞོན་པའམ་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཡོན་ཀྲང་རྒྱ་ཡེ་བཀྲ་བྷོ། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་ཧྲུའུ་ཅི་གཞོན་པའམ་ཡོན་ཀྲང་གཞོན་པ་ལྕགས་ཐར་རྒྱལ་སོགས་ཀྱང་ཚོགས་ཞུགས་གནང་ཡོད་པ་མ་ཟད། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་དང་ཀྲུང་གོ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། མི་དམངས་དྲ་བའི་མཚོ་སྔོན་འཕྲིན་ལམ་དང་བོད་ལྗོངས་བརྙན་འཕྲིན་ཁང་། ཁམས་པ་བརྙན་འཕྲིན་ཁང་། ཀྲུང་གོ་བོད་ཀྱི་དྲ་བ། མཚོ་སྔོན་གསར་འགྱུར་དྲ་བ། མཚོ་སྔོན་བོད་སྐད་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་སོགས་ཀྱི་གསར་འགོད་པའང་ཚོགས་ཐོག་ཏུ་སླེབས་ནས་ཡུལ་དངོས་གསར་འགྱུར་དྲིལ་སྒྲོག་བྱས།
         ཡོངས་འཛིན་འཚོལ་བཤེར་ནི་བོད་ཡིག་གི་དྲ་ཐོག་ཆ་འཕྲིན་འཚོལ་བཤེར་གྱི་མ་ལག་ཅིག་ཡིན་ཏེ། མཚོ་ལྷོ་ཁུལ་བོད་ཀྱི་སྐད་ཡིག་བྱ་བའི་ཨུ་ཡོན་ལྷན་ཁང་གིས2013ལོ་ནས་ལས་གཞིའི་འགོ་བརྩམས་པ་དང་། ད་ལྟ་གསར་འགྱུར་དང་དྲ་ངོས། པར་རིས། བརྙན་རིས། གླུ་དབྱངས། རིག་མཛོད། ཡིག་ཚང་། དྲིས་ལན་བཅས་ལེ་ཚན་ཆེན་པོ་བརྒྱད་ཀྱི་བདག་ཉིད་ཅན་ཞིག་ཏུ་གྲུབ་ཡོད་ཅིང་། འཛམ་གླིང་སྒང་གི་བོད་ཡིག་འཚོལ་བཤེར་ཆེས་ཐོག་མ་དང་ཆེས་ཆེ་ཤོས་སུ་ཆགས་ཡོད། ཡོངས་འཛིན་འཚོལ་བཤེར་ལེགས་གྲུབ་བྱུང་བས་བོད་ཡིག་ཆ་འཕྲིན་ལག་རྩལ་གྱི་སྟོང་ཆ་མི་ཉུང་བ་ཞིག་ཁ་བསྐངས་ཡོད་པ་མ་ཟད། བོད་ཀྱི་རིག་གནས་བསྐྱར་སྐྲུན་དང་གསར་སྐྲུན་གྱི་ཐད་ལའང་དགེ་མཚན་མི་དམན་པ་བཞག་ཡོད། ༼ཡོང་ཁུངས། ཀྲུང་གོའི་བོད་ཀྱི་དྲ་བ། གསར་འགོད་པ། འབུམ་པ་རྒྱལ་དང་ཚེ་རིང་རྒྱ་མཚོ།༽
    མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཚེ་ལོས་ཡོངས་འཛིན་འཚོལ་བཤེར་གྱི་གསར་སྐྲུན་བརྒྱུད་རིམ་མཚམས་སྦྱོར་གནང་བ།
    མཚོ་ལྷོ་ཁུལ་མི་རིགས་སྐད་ཡིག་གཞུང་སྒྲུབ་ཁང་གི་ཀྲུའུ་རེན་ཚེ་ལོས་ཡོངས་འཛིན་འཚོལ་བཤེར་གྱི་གསར་སྐྲུན་བརྒྱུད་རིམ་མཚམས་སྦྱོར་གནང་བ།
    འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་གྱིས་ཡོངས་འཛིན་འཚོལ་བཤེར་གྱི་སྒོ་དངོས་སུ་འབྱེད་པ།
    འབྲེལ་ཡོད་འགོ་ཁྲིད་དང་སྐུ་མགྲོན་གྱིས་ཡོངས་འཛིན་འཚོལ་བཤེར་གྱི་སྒོ་དངོས་སུ་འབྱེད་པ།
    ཡོངས་འཛིན་འཚོལ་བཤེར་ལས་གཞིའི་མཉམ་འབྲེལ་ཕྱོགས་ཀྱི་འཐུས་ཚབ་ལ་སྐྱེས་རྟེན་ཕུལ་བ།
    ཡོངས་འཛིན་འཚོལ་བཤེར་ལས་གཞིའི་མཉམ་འབྲེལ་ཕྱོགས་ཀྱི་འཐུས་ཚབ་ལ་སྐྱེས་རྟེན་ཕུལ་བ།
      

    ཕྱོགས་བསྡུས་གསར་འགྱུར།