འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་
    བྱ་རྒྱུ་ཡིན་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་22ཉིན། ཚེས་22ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་མཉམ་འབྲེལ་རྒྱལ་ཚོགས་ནི་བདག་དབང་རྒྱལ་ཁབ་ལས་གྲུབ་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། བདག་དབང་རྒྱལ་ཁབ་མ་གཏོགས་དེའི་ནང་ཞུགས་པའི་རེ་ཞུ་བྱེད་མི་ཆོག ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         དེ་ཉིན་གྱི་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་གསར་འགོད་པ་ཞིག་གིས། གནས་ཚུལ་སྤེལ་བར་གཞིགས་ན། ཐའེ་དབན་འགོག་སྲུང་ལས་དོན་སྡེ་ཚན་གྱི་འགན་འཁུར་བ་ཟུར་པ་ཚའེ་མིང་ཤན་གྱིས“ཐའེ་དབན་མཉམ་འབྲེལ་རྒྱལ་ཚོགས་མཐུན་སྦྱོར་ཡར་སྐུལ་ཚོགས་པའི”སྣེ་ཁྲིད་དེ་ཚའེ་དབྱིང་ཝུན་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཕན་ཆི་ཝུན་ལ་ཡི་གེ་སྤྲིངས་ཏེ“ཐའེ་དབན”གྱི་མིང་ཐོག་ནས་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུགས་རྒྱུ་དང“ཚོགས་མིའི་རྒྱལ་ཁབ”གསར་པ་ཞིག་ཏུ་འགྱུར་བ་བྱ་རྒྱུའི་ཐའེ་དབན་ཕྱོགས་ཀྱི་རེ་བ་ཞུ་དགོས་པའི་བླང་བྱ་བཏོན་པ་རེད། ཚེས་18ཉིན་ཐའེ་དབན་ཕྱི་འབྲེལ་ལས་དོན་སྡེ་ཚན་གྱི་འགན་འཁུར་བས་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱིས་རྒྱུན་མཐུད་དང་དོན་སྙིང་ལྡན་པའི་ངང་ཞུགས་རྒྱུ་ཡིན་མོད། འོན་ཀྱང“མཉམ་འབྲེལ་རྒྱལ་ཚོགས་ནང་ཞུགས་རྒྱུར”སྐུལ་འདེད་གཏོང་གི་མིན་ཞེས་བཤད་ཡོད། དེའི་ཐད་ཁྱེད་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྒྱུ་ཡིན་ནམ་ཞེས་དྲིས།
         ལུའུ་ཁང་གིས་ཚང་མས་ཤེས་གསལ་ལྟར་མཉམ་འབྲེལ་རྒྱལ་ཚོགས་ནི་བདག་དབང་རྒྱལ་ཁབ་ལས་གྲུབ་པའི་སྲིད་གཞུང་དབར་གྱི་རྒྱལ་སྤྱིའི་རྩ་འཛུགས་ཤིག་ཡིན། བདག་དབང་རྒྱལ་ཁབ་མ་གཏོགས་དེའི་ནང་ཞུགས་པའི་རེ་ཞུ་བྱེད་མི་ཆོག འཛམ་གླིང་ཐོག་ཀྲུང་གོ་གཅིག་ལས་མེད་པ་དང་ཐའེ་དབན་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན། ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་གཏམ་སྤྱོད་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱ་རྒྱུ་ཡིན། ཀྲུང་གོ་གཅིག་གི་རྩ་དོན་ལ་འགྲན་སློང་བྱེད་པ་དང“ཀྲུང་གོ་གཉིས”དང“ཀྲུང་གོ་གཅིག་དང་ཐའེ་དབན་གཅིག”བཟོ་བའི་ལྐོག་གཡོ་མཐའ་དག་མངོན་འགྱུར་ཐུབ་ཐབས་བྲལ་བ་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།