འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀོང་ཤིས་ཀྱིས་བཟོས་པའི་ཐོན་རྫས”དངོས་མང་སྟོན་ཚོགས་བརྒྱུད་རྒྱ་གར་དུ་
    བཤམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:12】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་2016ལོའི་ཀྲུང་གོའི་ཀོང་ཤིས(རྒྱ་གར)ཚོང་ཟོག་དངོས་མང་སྟོན་ཚོགས་འབོམ་འབེལ་གྱི་ཚོགས་འགྲེམས་ལྟེ་གནས་སུ་འཚོགས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་སྲིད་གཞུང་སྡེ་ཚན་གྱིས་རྒྱ་གར་དུ་ཚོང་ཟོག་འགྲེམས་སྟོན་ཐེངས་དང་པོ་བྱས་པའི་ནང་རང་སྐྱོང་ལྗོངས་ཀྱི་ཁེ་ལས་58ཞུགས་ཡོད་པ་རེད།
         ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པས་སྨི་ངོས་གྲུ་3000ལ་ཉེ་བའི་འགྲེམས་ཁུལ་ནང་དུ་འགྲེམས་སྟེགས་60ལྷག་ཙམ་བཀོད་སྒྲིག་བྱས་པའི་ཐོག་བཟོ་རྩལ་དང་། བཟའ་བཅའ་དང་ཡུལ་ཟོག སྨན་བཅོས་འཕྲོད་སྦྱོར། འཕྲུལ་ཆས་དང་གློག་རྡུལ། འཁེལ་འཐག་གྱོན་ཆས་སོགས་བཤམས་ཡོད་པ་མཐོང་བྱུང་།
         འགྲེམས་སྟོན་འགོ་ཚུགས་པའི་ཉིན་དང་པོར་རྒྱ་གར་གྱི་འཛད་སྤྱོད་པས་ཀོང་ཤིས་ནས་ཐོན་པའི་སྤོས་འགྱིག་ཐོན་ཟོག་དང་། མུ་ཏིག་དང་ནོར་བུའི་རིགས་ཀྱི་རྒྱན་ཆ། འཕྲུལ་འཁོར་གྱི་ལྷུ་ལག་སོགས་ཐོན་རྫས་ལ་དོ་སྣང་ཆེན་པོ་བྱེད་པ་དང་ཁེ་ལས་མི་ཉུང་བ་ཞིག་གིས་རྒྱ་གར་གྱི་ཚོང་འགྲུལ་དང་འགྲེམས་སྟོན་བྱ་ཡུལ་དུ་ཉོ་སྒྲུབ་གན་རྒྱ་བཞག་ཡོད་པ་རེད།
         ཚོང་ཟོག་དངོས་མང་སྟོན་ཚོགས་ཐོག་ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཚོང་དོན་ཐིང་གི་ཐིང་ཀྲང་གཞོན་པ་མཱ་ཅིས་ཤན་གྱིས་2016ལོའི་ལོ་སྟོད་དུ་ཀོང་ཤིས་ཀྱི་རྒྱ་གར་ལ་ཚོང་གཉེར་བྱས་འབོར་19.5%འཕར་བ་ལས་རྒྱ་གར་ཁྲོམ་རའི་གསོན་ཤུགས་དང་གཏིང་ཤུགས་མངོན་གྱི་ཡོད་ཅེས་བཤད་པ་རེད།
         མཱ་ཅིས་ཤན་གྱིས་མིག་སྔར་ཀོང་ཤིས་ཀྱིས་རྒྱ་གར་དུ་ལེའུ་ཀུང་འཕྲུལ་ཆས་ཚུད་པའི་མ་འཇོག་རྣམ་གྲངས་7ལག་བསྟར་བྱེད་བཞིན་ཡོད་པ་དང་གོམ་སྟབས་རྗེས་མར་རླངས་འཁོར་དང་། ལག་ཆའི་རང་བཞིན་ལྡན་པའི་འཕྲུལ་ཆས། ལྕགས་དང་ངར་ལྕགས། མདོག་ལྡན་ལྕགས་རིགས། ཨར་ལས་རྒྱུ་ཆ་སོགས་ཁྱབ་ཁོངས་ཀྱི་ལེགས་ལྡན་ཁེ་ལས་ལ་ཕྱིར་བསྐྱོད་དེ་རྒྱལ་སྤྱིའི་མཉམ་གཉེར་དང་ཐོན་ལས་མཉམ་ལས་ནང་ཞུགས་རྒྱུ་དང་རྒྱལ་ཁབ་ལས་བརྒལ་བའི་ཐོན་ལས་ཀྱི་རིན་ཐང་འབྲེལ་ཐག་འཛུགས་རྒྱུའི་ལྕག་སྐུལ་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།