འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་ཤིང་རྒྱུའི་ཐོན་རྫས་ལ་རྒྱལ་སྤྱིའི་སྤུས་རྟགས་ཚད་གཞི་འདོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། “སྤུས་རྟགས་ལ་གདེང་འཇོག་བྱེད་པའི་ཚད་གཞི་ཁྱབ་བསྒྲགས་དང་ཐེངས་དང་པོའི་ཚོད་ལྟའི་སྤུས་རྟགས་ཁས་ལེན་ངོས་འཛིན་བྱུང་རྗེས། ང་ཚོས་ཕྱོགས་ཡོངས་ནས་འོས་སྦྱོར་བྱ་རྒྱུ་ཡིན། རྒྱལ་སྤྱིའི་ལས་རིགས་ཀྱི་ཁས་ལེན་ངོས་འཛིན་དང་དང་ལེན་ཐོབ་རྗེས། རང་རྒྱལ་གྱི་སྤུས་དག་ཤིང་གི་ཐོན་རྫས་ཀྱི་སྤུས་རྟགས་འཕེལ་རྒྱས་ལ་སྐུལ་འདེད་ཐེབས་རྒྱུ་རེད”ཅེས་ཀྲུང་གོ་ནགས་ཟོག་བཟོ་ལས་ཐོན་ལས་མཐུན་ཚོགས་ཀྱི་དྲུང་ཆེ་ཧྲེ་ཧྥུང་གིས་ཚེས་21ཉིན་གྱི་སྔ་དྲོར་སྤེལ་བའི“ལྗང་མདོག་སྤུས་ལེགས་ཀྱི་ཀྲུང་གོའི་བྱ་སྤྱོད—ཀྲུང་གོའི་ཤིང་གི་ཐོན་རྫས་དོ་སྣང་བྱེད་པ”ཞེས་པའི་བྱེད་སྒོའི་ཐོག་གསུངས་པ་རེད།
         ད་རེས་ཀྱི་བྱེད་སྒོ་ནི་ཀྲུང་གོ་ནགས་ཟོག་བཟོ་ལས་ཐོན་ལས་མཐུན་ཚོགས་དང་ཀྲུང་གོ་དཔལ་འབྱོར་ཚགས་པར་དུས་དེབ་མཐུན་ཚོགས་གཉིས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པ་དང་། 2016ལོའི་ཟླ་བརྒྱད་པ་ནས་ཟླ་བཅུ་གཉིས་བར་བྱེད་སྒོ་སྤེལ་རྒྱུ་རེད། པང་གཅལ་དང་། ཤིང་གི་སྒོ་དང་ཁྲ་མ། མི་བཟོས་པང་ལེབ་སོགས་ཤིང་གི་ཐོན་རྫས་ལ་དོ་སྣང་བྱས་ནས་ཤིང་གི་ཐོན་རྫས་ཀྱི་སྣེ་འདྲེན་ཁེ་ལས་20ལྷག་ཙམ་ལ་རྟོག་ཞིབ་གཏིང་ཟབ་བྱ་རྒྱུ་དང་སྦྲགས། གྲུབ་འབྲས་གཙོ་བོ་ཐོན་པར་བྱ་རྒྱུའི་ནང་སྤུས་རྟགས(རྒྱལ་སྤྱི)ཀྱི་ཚད་གཞི་འདོན་རྒྱུ་དང་སྤུས་རྟགས་ཀྱི་རིན་ཐང་གདེང་འཇོག་མ་ལག་བསྐྲུན་རྒྱུ་དང་འབྲེལ་ཁྱབ་བསྒྲགས་ཀྱང་བྱ་རྒྱུ་ཚུད་ཡོད། ཀྲུང་གོའི་ཤིང་གི་ཐོན་རྫས་ཁག་དང་པོའི་སྤུས་རྟགས་ཁེ་ལས་ཐོན་རྒྱུ་དང་སྦྲགས་གཟེངས་བསྟོད་ཀྱང་བྱ་རྒྱུ་སོགས་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཤིང་གི་ཐོན་རྫས་ནི་ལྗང་མདོག་ཁོར་ཡུག་སྲུང་སྐྱོང་གི་ཐོན་རྫས་ཤིག་རེད་ལ་ཀྲུང་གོའི་ཤིང་རྒྱུའི་ཐོན་རྫས་ཀྱི་ལས་རིགས་ནི་ཀྲུང་གོའི་ནགས་ཟོག་བཟོ་ལས་ཐོན་ལས་འཕེལ་རྒྱས་ནང་འཕེལ་རྒྱས་འགྲོ་མྱུར་ཤོས་དང་། ལེགས་སྐྱེས་འབུལ་ཆེ་ཤོས། སྤྱི་ཚོགས་ཡོངས་ཀྱི་དོ་ཁུར་ཐོབ་ཤོས་བཅས་ཀྱི་ལས་རིགས་ཤིག་ཀྱང་རེད། ཚད་གཞི་བཟོ་འགོད་དང་ཚོད་ལྟའི་ལས་དོན་ལ་སྐུལ་འདེད་གཏོང་ཆེད། མཐུན་ཚོགས་ཀྱིས་སྤུས་ཚད་དང་སྤུས་རྟགས་ལས་དོན་ཨུ་ལྷན་ཆེད་མངགས་བཙུགས་པ་དང་ཚད་གཞི་ཅན་གྱི་ལག་རྩལ་ཨུ་ལྷན་བཙུགས་ནས་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་གདན་འདྲེན་ཞུས་ཏེ་བཟོ་འགོད་བྱེད་རྩིས་ཡོད་པའི་《ཤིང་གི་ཐོན་རྫས་སྤུས་རྟགས་གདེང་འཇོག་སྐོར་གྱི་རྒྱལ་སྤྱིའི་ཚད་གཞི་》དེ་ལས་རིགས་ཀྱི་ཁག་དང་པོར་མཁོ་ཆེ་བའི་གཙོ་གནད་ཚོགས་པ་བདུན་གྱི་ཚད་གཞིའི་གྲས་སུ་བརྩི་རྒྱུ་རེད། གྲུབ་འབྲས་2017ལོའི་ཟླ་བ་ལྔ་པར་ཁྱབ་བསྒྲགས་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།