འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་གཡོད་དུ་ཨོ་རྩལ་འགྲན་ཚོགས་མཇུག་འགྲིལ། ལོ་བཞིའི་རྗེས་ཐོ་ཁེའོ་རུ་སླར་ཡང་མཉམ་འཛོམས་བྱེད།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། དཔལ་འབར་དལ་གྱིས་ཤི་རུང་། ཨོ་རྩལ་འགྲན་ཚོགས་ཀྱི་སྙིང་སྟོབས་ནམ་ཡང་གནས། ལྟད་མོ་ཆེ་ལ་བློ་ཕམ་ཡོད་རུང་། དགའ་བའི་འཛུམ་མདངས་ཡོད་ལ། སྐྱོ་བའི་མིག་ཆུ་ཡང་ཡོད། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་པ་ཧེས“སྤྱིར་བཏང་མིན་པ”ཞེས་གདེང་འཇོག་གནང་བའི་སྐབས་སོ་གཅིག་པའི་དབྱར་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཚེས་21ཉིན་གྱི་མཚན་མོ་ལི་གཡོད་རེ་ནེ་ལུའུ་རུ་མཇུག་འགྲིལ་ཞིང་། ལོ་བཞིའི་རྗེས་ཨོ་རྩལ་འགྲན་ཚོགས་ཨེ་ཤེ་ཡར་འཚོག་རྒྱུ་རེད།
         པ་ཧེས་གཏམ་བཤད་སྤེལ་སྐབས་འདས་ཟིན་པའི་ཉིན་16ནང་མཐུན་སྒྲིལ་ལྡན་པའི་པར་ཙིར་གྱིས་དཀའ་ངལ་ཁྲོད་འཚོ་བར་དགའ་ཞེན་ཆེན་པོ་བྱས་པ་དེས་འཛམ་གླིང་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས། “པར་ཙིར་དུ་སླེབས་སྐབས་ང་ཚོ་ཕན་ཚུན་ངོ་ཤེས་ཀྱི་མེད། དེ་ནས་ཁ་བྲལ་སྐབས་ང་ཚོ་གྲོགས་པོར་གྱུར། དེ་ནི‘སྤྱིར་བཏང་མིན་པའི་གྲོང་ཁྱེར’དུ་འཚོགས་པའི་སྤྱིར་བཏང་མིན་པའི་ཨོ་རྩལ་འགྲན་ཚོགས་ཤིག་རེད”ཅེས་བཤད།
         སྐབས་འདིའི་ཨོ་རྩལ་འགྲན་ཚོགས་ཁྲོད་ཀྲུང་གོས་མི་711ལས་གྲུབ་པའི་རྒྱལ་མཚམས་ཕྱིར་འགྲན་བསྡུར་ནང་ཞུགས་པའི་གཞི་ཁྱོན་ཆེ་ཤོས་ཀྱི་འཐུས་མི་ཚོགས་པ་བཏང་བ་དང་རྣམ་གྲངས་ཆེ་ཁག་26དང་རྣམ་གྲངས་ཆུང་ཁག་210ཡི་འགྲན་བསྡུར་ནང་ཞུགས་པར་གསེར་གྱི་རྟགས་མ་26དང་། དངུལ་གྱི་རྟགས་མ་18 ཟངས་ཀྱི་རྟགས་མ་26བཅས་གཟེངས་བསྟོད་རྟགས་མ་70ཐོབ་ནས་གསེར་གྱི་རྟགས་མའི་མིང་གྲལ་གྱི་ཨང་གསུམ་པ་ཡིན་པ་རེད།
         “བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་སྙིང་སྟོབས”བསྐྱར་དུ་མངོན་པ་དང་། ལང་ཕིང་གིས་ཀྲུང་གོའི་བུད་མེད་ཀྱི་ཕའེ་ཆིའུ་སྤོ་ལོའི་རུ་ཁག་གི་སྣེ་ཁྲིད་དེ་ལོ་12རྗེས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཁྲོད་གསེར་གྱི་རྟགས་མ་བླངས་ཡོད། སྲོལ་རྒྱུན་གྱི་ལེགས་ཆའི་རྣམ་གྲངས་ནང་ཕིང་ཕང་སྤོ་ལོའི་འགྲན་བསྡུར་ཁྲོད་གསེར་གྱི་རྟགས་མ་བཞི་ཐོབ་པ་དང་རྐྱལ་མཆོང་འགྲན་བསྡུར་གྱི་གསེར་གྱི་རྟགས་མ་8ནང་ནས་7ཐོབ་ཡོད། ཀྲུང་གོའི་འཐུས་མི་ཚོགས་པས་རྨང་གཞིའི་རྣམ་གྲངས་ཆེ་གྲས་མཆོང་རྒྱུག་འཕེན་གསུམ་གྱི་འགྲན་བསྡུར་དང་ཆུ་རྐྱལ་འགྲན་བསྡུར་ནང་གསེར་གྱི་རྟགས་མ་3བླངས་པ་རེད།
         ཨོ་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔའི་དར་ཆ་དལ་བུར་ཕབ་རྗེས་ལི་གཡོད་ཀྱི་ཧྲི་ཀྲང་ཕ་ཨའེ་སིས་པ་ཧེར་ཕུལ་བ་དང་། པ་ཧེས་བསྐྱར་དུ་སྐབས་རྗེས་མའི་ཨོ་རྩལ་འགྲན་ཚོགས་ཀྱི་གཙོ་གཉེར་གྲོང་ཁྱེར་ཐོ་ཁེའོ་ཡི་སྲིད་འཛིན་དཔོན་ཞའོ་ཁྲི་པའེ་ཧོ་ཙིར་སྤྲད་རྗེས“ཐོ་ཁེའོ་ཡི་སྐར་མ་བརྒྱད”ཀྱི་བརྙན་ཐུང་བསྟན་ཞིང་། ལོ་བཞིའི་རྗེས་ཀྱི་ཐོ་ཁེའོ་འདི་ཉིད་འཛམ་གླིང་ཡོངས་ཀྱིས་དོ་སྣང་བྱེད་སར་འགྱུར་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།