འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་24ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་ལས་འགོ་འཛུགས་ཚད་75%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་24ཉིན། 09:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། གསར་འགོད་པས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱས་པར་གཞིགས་ན། དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི“ལས་གྲྭ་ཨང་དང་པོའི”ངོས་ནས་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་རྣམ་གྲངས་མིག་སྔར་ཕྱོགས་ཡོངས་ནས་ལས་འགོ་ཚུགས་ཡོད་པ་རེད། ཟླ་8ཚེས་10ཉིན་བར་ཀུའེ་ཀྲོའུ་དང་། ཧྲའན་ཤིས། སི་ཁྲོན། ཀོང་ཤིས། ཧུའུ་པེ་སོགས་ཞིང་ཆེན་22ཀྱི་རྫོང་1100ལྷག་ཙམ་གྱིས་དངོས་སུ་ལས་འགོ་ཚུགས་ཡོད། ལས་འགོ་ཚུགས་པའི་རྣམ་གྲངས་10000ལྷག་ཙམ་ཟིན་ཡོད་པ་དང་། རྣམ་གྲངས་ལས་འགོ་ཚུགས་ཚད་75%ཟིན་པའི་ནང་སྐྲུན་འགོ་ཚུགས་པའི་བཀོད་སྒྲིག་སྡོད་ཁང་ཁྲི་83.73ཡོད་པ་རེད།
         “ལོ་ལྔ་ཚན་བཅུ་གསུམ་པའི”རིང་། རྒྱལ་ཡོངས་དབུལ་སྐྱོར་གསར་སྤེལ་གྱི་ཡིག་ཚགས་དང་གཱ་བཟོ་བའི་མ་ལག་ལ་ཞིབ་བཤེར་གཏན་འབེབས་བྱས་པ་གཞིར་བཟུང་། རང་རྒྱལ་དུ་ཡུལ་གཞན་དུ་གནས་སྤོ་དགོས་པའི་མི་འབོར་དབུལ་པོ་ཁྱོན་ཁྲི་981.5ཟིན་གྱི་ཡོད། 2016ལོར་འཆར་འགོད་བྱས་པའི་གནས་སྤོའི་ལས་འགན་བསྡོམས་འབོར་མི་ཁྲི་249ཟིན་པ་དང་། ཞིང་ཆེན(རང་སྐྱོང་ལྗོངས་དང་གྲོང་ཁྱེར)22ཡོད་པ་དེས“ལོ་ལྔ་ཚན་བཅུ་གསུམ་པའི”སྤྱིའི་ལས་འགན་གྱི་1/4བཟུང་ཡོད་ལ། 2015ལོའི་རྒྱལ་ཡོངས་ཀྱི་གནས་སྤོའི་ལས་འགན་གྱི་ལྡབ་2.7ཟིན་ཡོད། མིག་སྔར་ལས་འགོ་ཚུགས་པའི་རྣམ་གྲངས་ནས་ལས་མཇུག་འགྲིལ་བའི་རྣམ་གྲངས་718ཡོད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་22.6སྡོད་ཁང་གསར་པར་སྤོས་པ་རེད།
         ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་ལས་གྲྭའི་འཛུགས་སྐྲུན་མ་དངུལ་འགན་ལེན་ལས་དོན་བདེ་བླག་ངང་སྤེལ་ཡོད་པ་རེད། འདི་ལོའི་ཟླ་3པ་ཚུན་དུ་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་ཁ་གསབ་རོགས་དངུལ་སྒོར་དུང་ཕྱུར་193.6ཚང་མ་ཁག་གཉིས་སུ་ཕྱེ་ནས་གཤམ་སྤྲོད་བྱས་ནས་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོའི་སྡོད་ཁང་འཛུགས་སྐྲུན་ཐད་སྤྱད་པ་དེ་ན་ནིང་ཁ་གསབ་རོགས་དངུལ་གྱི་ལྡབ་3.5ཟིན་ཡོད། མིག་སྔར་ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་དངུལ་སྒོར་དུང་ཕྱུར་192.9ཚང་མ་ཁག་དབྱེ་ནས་རྫོང(གྲོང་ཁྱེར)ལ་གཤམ་སྤྲོད་བྱས་པ་དེས་ཁ་གསབ་རོགས་དངུལ་བསྡོམས་འབོར་གྱི་99.64%བཟུང་ཡོད། ཀྲུང་དབྱང་གི་སྔོན་རྩིས་ནང་ཚུད་པའི་མ་དངུལ་ཚང་མ་ས་ཁོངས་ཀྱི་ཁྱད་པར་ཅན་གྱི་ཁ་གསབ་རོགས་དངུལ་གྱི་ཚད་གཞི་མི་འདྲ་བ་གཞིར་བཟུང་། བགོ་བཤའ་བརྒྱབ་པ་དང་འབྲེལ། ཁ་གསབ་རོགས་དངུལ་གྱི་ཚད་གཞིའི་གཞི་གྲངས་མཐོ་རུ་ཤུགས་ཆེན་བཏང་ཡོད་པ་རེད། དེའི་ནང་དབུས་ཤར་རྒྱུད་ཀྱི་ཞིང་ཆེན་དུ་མི་རེར་ཆ་སྙོམས་སྒོར་7000དང་། ནུབ་རྒྱུད་ཞིང་ཆེན་དུ་མི་རེར་ཆ་སྙོམས་སྒོར་8000དམིགས་བསལ་རིགས་ཀྱི་ས་ཁུལ་ཁག་གཅིག་ཏུ་མི་རེར་ཆ་སྙོམས་སྒོར་10000བཅས་ཀྱི་ཚད་གཞི་ལྟར་ཁ་གསབ་རོགས་དངུལ་སྤྲད་པ་རེད།
         གནས་སྤོའི་མང་ཚོགས་ལ་སྟབས་བདེ་སྐྲུན་ཆེད། སླད་ཕྱིན་རང་སར་ལས་ཞུགས་ཐུབ་པའམ་ཡང་ན་ཕྱོགས་འགྲོའི་ལས་མིས་གཙོ་གནད་ཐོག་བཟོ་ལས་གླིང་དང་། ཐོན་ལས་གླིང་། ཡུལ་སྐོར་མཛེས་ལྗོངས་ཁུལ། འགྲིམ་འགྲུལ་སྟབས་བདེ་ཁུལ་སོགས་ལ་བརྟེན་པའི་རྩ་དོན་ལ་གཞིགས་ཏེ་བཀོད་སྒྲིག་བྱ་ཡུལ་བདམས་ནས་གནས་སྤོ་བཀོད་སྒྲིག་དང་དབུལ་སྒྲོལ་ཐོན་ལས་འཕེལ་རྒྱས་དང་ལས་ཞུགས་གཞན་སྒྱུར་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཡིན་པ་རེད། གནས་སྤོའི་མང་ཚོགས་ཀྱི་འདོད་མོས་ལ་བརྩི་འཇོག་གང་ལེགས་བྱེད་པའི་རྨང་གཞིའི་ཐོག རིག་གནས་ཆུ་ཚད་ཅུང་མཐོ་བ་དང་ངལ་རྩོལ་རྩལ་ནུས་ངེས་ཅན་ལྡན་པའི་གནས་སྤོའི་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་དང་། གླིང་ཁུལ། མཛེས་ལྗོངས་ཁུལ་བཅས་སུ་བཀོད་སྒྲིག་བྱ་རྒྱུ་དང་། རིག་གནས་ཆུ་ཚད་ཅུང་དམའ་བ་དང་ངལ་རྩོལ་རྩལ་ནུས་ཅུང་ཞན་པའི་གནས་སྤོའི་མི་འབོར་ལྟེ་བའི་གྲོང་ཚོའམ་ཡང་ན་གནས་སྤོའི་ཡུལ་མིའི་གྲོང་གསར་དུ་ཞིང་ལས་བཀོད་སྒྲིག་བྱ་རྒྱུ། ངལ་རྩོལ་ནུས་ཤུགས་མེད་པའི་གནས་སྤོའི་དུད་ཚང་ལ་སྤྱི་ཚོགས་འགན་སྲུང་སྲིད་ཇུས་བརྒྱུད་མཐའ་སྐྱོང་རོགས་སྐྱོར་བྱ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།