འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བླ་བྲང་བཀྲ་ཤིས་འཁྱིལ་གྱི་འདུ་ཁང་10ལོ་བཞི་ཉམས་གསོ་བྱས་ནས་ལེགས་གྲུབ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་ལྟར་ན། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོབ་འདུ་འགོད་2012ལོའི་ཟླ་9པར་སྤེལ་འགོ་ཚུགས་ནས་ད་བར་དུས་ཡུན་ལོ་བཞི་ཙམ་སོང་ཞིང་། མིག་སྔའི་བར་བྱམས་ཁང་དང་། རྒྱུད་སྟོད་གྲྭ་ཁང་། དུས་འཁོར་གྲྭ་ཚང་སོགས་རིག་དངོས་གཙོ་བོ་10ཉམས་གསོ་བྱས་པ་རེད།
         བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་རང་གི་ཉམས་གསོའི་བྱེད་འགན་ཚན་པ་ཀན་སུའུ་བསང་ཆུ་རྫོང་རིག་གནས་ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་གློག་བརྙན་ཅུས་ཀྱིས་ཚེས་12ཉིན་བླ་བྲང་བཀྲ་ཤིས་འཁྱིལ་གྱི་རིག་དངོས་སྲུང་སྐྱོང་འདུ་འགོད་དེ་རིག་དངོས་རང་ཉམས་གསོ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། ལེ་ལག་ཚང་བའི་སྒྲིག་བཀོད་འཛུགས་སྐྲུན་བཅས་རིགས་ཆེ་གྲས་གསུམ་ལ་ཕྱེ་ཡོད་པ་དང་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་3.05གཏོང་རྩིས་ཡོད་པ་དེའི་ནང་རིག་དངོས་རང་གི་ཉམས་གསོར་མ་དངུལ་སྒོར་དུང་ཕྱུར་1.6གཏོང་རྩིས་ཡོད་པའི་བརྡ་ཁྱབ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།