འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ཡོ་རོབ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་སྒོ་འཛིན་ལོག་ཚོང་བརྒྱབ་པའི་དོགས་གཞི་ཡོད་པས་
    ལི་གཡོད་ནས་འཛིན་བཟུང་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:33】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཡོ་རོབ་ཨོ་ལིམ་ཕིག་ཨུ་ལྷན་གྱི་ཀྲུའུ་ཞི་ཕ་ཐེ་ལི་ཁེ·ཤིས་ཅིར་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་སྒོ་འཛིན་ལོག་ཚོང་བརྒྱབ་པའི་དོགས་གཞི་ཡོད་པས་ཚེས་17ཉིན་གྱི་སྔ་དྲོ་ལི་གཡོད་ནས་ཉེན་རྟོག་ཕྱོགས་ཀྱིས་འཛིན་བཟུང་བྱས་པ་དང་། རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་གསར་འགྱུར་མགྲིན་ཚབ་པ་མ་ཁེ·ཡ་ཏང་སིས་ཚེས་17ཉིན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་འཆར་ཅན་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤིས་ཅི་འཛིན་བཟུང་བྱས་པའི་གནས་ཚུལ་ར་འཕྲོད་བྱས་པ་རེད། ཤིས་ཅི་འདི་ལོ་ལོ་71ལ་སླེབས་པ་དང་ཡོ་རོབ་ཨོ་རྩལ་འགྲན་ཚོགས་དང་ཨིར་ལན་ཨོ་རྩལ་འགྲན་ཚོགས(OCI)ཀྱི་ཀྲུའུ་ཞིའི་འགན་གཅིག་ལྕོགས་འཁུར་བཞིན་ཡོད་པ་དང་2012ལོ་ནས་བཟུང་རྒྱལ་སྤྱིའི་ཨོ་ལིམ་ཕིག་ཨུ་ལྷན་གྱི་ལག་བསྟར་ཨུ་ཡོན་གྱི་འགན་འཁུར་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།