འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལར“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ཁྲོད་དམངས་སེམས་གཅིག་མཐུན་ལ་བཀྲག་
    མདངས་འཚེར་ས་མང་བ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དམངས་སེམས་གཅིག་མཐུན་ནི“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་སྤྱི་ཚོགས་ཀྱི་རྩ་བ་ཡིན། ད་ཕན་ལོ་གཉིས་རིང་ཀྲུང་གོས་ནེ་པ་ལ་རུ་ཀྲུང་གོའི་སློབ་མ་གཏོང་ཚད་མང་དུ་བཏང་བ་དང་། ནེ་པ་ལའི་ཚོང་དོན་དང་། མ་འཇོག རོགས་སྐྱོར་བཅས་ཀྱི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་བཏང་བར་བརྟེན་མི་སྣ་འགྲོ་འོང་བྱེད་ཚད་ཉིན་བཞིན་མང་དུ་ཕྱིན་པ། ནེ་པ་ལའི་ཀྲུང་གོའི་རིག་གནས་ལྟེ་གནས་དང་ཁུང་ཙི་སློབ་གླིང་སོགས་སུ་རིག་གནས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བ་དང་ཐུན་མོང་ཐོག་འཛམ་གླིང་ཤུལ་བཞག་མཉམ་དུ་སྲུང་སྐྱོང་བྱེད་པའི་ལས་དོན་སྤེལ་བ། ཡུལ་སྐོར་གྱི་གཞི་ཁྱོན་རྒྱ་ཆེར་བཏང་བ་སོགས་ཡིན། “རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་སྐུལ་འདེད་འོག་ནེ་པ་ལ་ཡི་དམངས་སེམས་གཅིག་མཐུན་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་བཀྲག་མདངས་འཚེར་ས་མང་པོ་ཐོན་པ་སྟེ། ནེ་པ་ལའི་སློབ་གྲྭ་ཁག་གིས་རང་མོས་ངང་རྒྱ་ཡིག་སྦྱངས་ནས་ཀྲུང་གོའི་རིག་གནས་མྱོང་ཚོར་ཐུབ་པ་བྱེད་པ་དང་། རིགས་ཁག་གི་རྩ་འཛུགས་ཀྱིས་རང་འགུལ་ངང་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་འཕེལ་རིམ་དང་གྲུབ་འབྲས་དྲིལ་བསྒྲགས་བྱས་ཏེ་སྒྱུ་རྩལ་དུས་ཆེན་དང་གློག་བརྙན་དུས་ཆེན་སོགས་གཉེར་བ། མཁས་མཆོག་རིམ་གྲས་ཁག་གིས་ཀྲུང་གོར་ལྟ་སྟངས་རིམ་གྱིས་འགྱུར་བ། དམངས་ཚོགས་ཀྱིས་སེམས་གཏིང་ནས་ཀྲུང་གོར་དགའ་པོ་བྱེད་པ་བཅས་ཡིན། དར་གོས་ལམ་བུའི་མཛའ་གྲོགས་མཉམ་ལས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་ཀྲུང་གོ་དང་ནེ་པ་ལའི་དམངས་སེམས་གཅིག་མཐུན་གྱིས་ཕྱོགས་གཉིས་པོའི་ཕྱོགས་མང་མཉམ་ལས་ཟབ་ཏུ་གཏོང་ཆེད་སྲ་ཞིང་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་བཏིང་བཞིན་ཡོད།
         ནེ་པ་ལའི་ཀྲུང་གོའི་རིག་གནས་ལྟེ་གནས་ཀྱི་ཀྲུའུ་རེན་དབྱིན་ཁུན་སུང་གིས་འདི་ག་ཚགས་པར་གྱི་གསར་འགོད་པར། ལྟེ་གནས་བཙུགས་ནས་ལོ་གཅིག་ཕྱིན་མེད་ཀྱང་ཐང་ག་འགྲེམས་སྟོན་དང་། ནེ་པ་ལ་རུ་སློབ་སྦྱོང་བྱེད་མཁན་ཀྲུང་གོའི་སློབ་མའི་མཐུན་འབྲེལ་ལྷན་ཚོགས་ཀྱིས་ནེ་པ་ལའི་སློབ་གྲྭ་ཚང་མ་དང་མཉམ་ལས་ལས་དོན་སྤེལ་བ། ཀྲུང་གོའི་དགེ་རྒན་བཏང་ནས་ཀྲུང་གོའི་རིག་གནས་སློབ་ཁྲིད་བྱེད་པ། སྐབས་དང་པོའི་པོ་ཁ་ལའི་ཀྲུང་གོའི་གློག་བརྙན་དུས་ཆེན་དང་དཔྱིད་གསར་དུས་ཆེན་འཆར་སྐབས་ལོ་གསར་གཏོང་བ་སོགས་བྱེད་སྒོ་རབ་དང་རིམ་པ་སྤེལ་བར་ཕན་འབྲས་བཟང་པོ་ཐོན་ཡོད་ཅེས་བཤད་བྱུང་།
         རིག་གནས་ལྟེ་གནས་ཀྱིས་ད་དུང་ཁ་གཏད་རོགས་སྐྱོར་ཚན་པ་བོད་རང་སྐྱོང་ལྗོངས་དང་མཉམ་ལས་བྱས་ནས་ནེ་པ་ལའི་ལྟ་སྐོར་སྤེལ་རེས་ཚོགས་པ་སྒྲིག་འཛུགས་བྱས་ཏེ་བོད་དུ་བཅར་འདྲི་བྱེད་པར་བཏང་བས་གྲུབ་འབྲས་ཧ་ཅང་བཟང་པོ་ཐོབ་ཡོད། “ང་སྨན་པ་ཡིན་ཙང་། དུས་རྒྱུན་ཆབ་སྲིད་ལ་དེ་ཙམ་དོ་སྣང་བྱེད་ཀྱི་མེད། སེམས་ནུས་ཚང་མ་ཚན་ཞིབ་དང་གཤགས་བཅོས་ཐོག་འཇོག་གི་ཡོད། ཡིན་ཡང་ད་ཐེངས་བོད་དུ་སྐྱོད་པའི་མཐོང་ཐོས་མྱོང་གྲུབ་ཀྱིས་ང་ལ་བག་ཆགས་ཟབ་མོ་བཞག་བྱུང་། དེ་སྔ་ནེ་པ་ལ་ནས་མཐོང་བའི་ནུབ་ཕྱོགས་ཀྱི་གསར་འགྱུར་ནང་འཁོད་པ་ནི་བོད་ལ་འགྲོ་བ་མིའི་ཐོབ་ཐང་མེད་ལུགས་དང་། གནོད་འཚེ་ཕོག་ལུགས། རིག་དངོས་ལ་གཏོར་བཤིག་གཏོང་ལུགས། འཕེལ་རྒྱས་ཡག་པོ་མེད་ལུགས་བཅས་ཤ་སྟག་རེད། བོད་དུ་སླེབས་རྗེས། བོད་འཕེལ་རྒྱས་མྱུར་པོ་ཕྱིན་པ་དང་། མི་སེར་གྱི་འཚོ་བ་ལེགས་པ། གྲོང་ཁྱེར་འཛུགས་སྐྲུན་དང་ཆོས་ལུགས་ལོ་རྒྱུས་རིག་དངོས་སྲུང་སྐྱོང་ཡག་པོ་བྱུང་བ་བཅས་དེ་དག་ནུབ་ཕྱོགས་ཀྱིས་བཤད་པ་དང་རྦད་དེ་ལྡོག་ཕྱོགས་རེད་འདུག ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་བརྒྱུད་ང་རྒན་ཡོལ་ཞུས་ནས་སྨན་པའི་ལས་དེ་བཞག་རྗེས་ཀྲུང་གོ་དང་ནེ་པ་ལའི་རིག་གནས་སྤེལ་རེས་ཀྱི་བང་ཆེན་ཞིག་བྱེད་བསམ་བྱུང”ཞེས་ཀྲུང་གོས་ཁ་གཏད་རོགས་སྐྱོར་བྱ་ཡུལ་ནེ་པ་ལའི་སྐྲན་ནད་སྨན་ཁང་གི་དེ་སྔའི་ཡོན་ཀྲང་ཉིའུ་པ་ཉིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བཤད་བྱུང་། ཉིའུ་པ་ཉི་ནི་ཀྲུང་གོར་དངོས་གཞིའི་ཚན་ཁག་དང་། རབ་འབྱམས་པ། འབུམ་རམས་པ་བཅས་སློབ་སྦྱོང་བྱེད་མྱོང་ཞིང་། ཁོང་གིས་བཤད་པའི་སྐད་ཆ་ནེ་པ་ལའི་ཚགས་པར་དང་བརྙན་འཕྲིན་ཐོག་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ་དང་མི་གཞན་གྱིས་ཀྱང་ནེ་པ་ལའི་སྨྱན་སྦྱོར་ཐོག་རྩོམ་ཡིག་འབྲི་བ་དང་བཅར་འདྲི་དང་ལེན་བྱས་ཏེ་བོད་ཀྱི་དེང་རབས་འཕེལ་རྒྱས་སྐོར་བཤད་ཡོད།
         “རྒྱུད་གཅིག་ལམ་གཅིག”བསྐྲུན་འགོ་ཚུགས་པ་བརྒྱུད། ལོ་གཉིས་ནང་ནེ་པ་ལ་རུ་ཡུལ་སྐོར་དུ་བསྐྱོད་མཁན་ཇེ་མང་དུ་ཕྱིན་ཏེ་འདི་ལོ་མི་ཁྲི་20ལས་བརྒལ་རེ་ཡོད་པ་དང་། ནེ་པ་ལ་རུ་བསྐྱོད་མཁན་ཀྲུང་གོའི་དང་བླངས་པ་མང་དུ་ཕྱིན་ནས་མི་150ལྷག་ཟིན་པ། རིག་གནས་ལྟེ་གནས་ཀྱིས་ཨ་ཉི་ཀེ་མཐུན་ཚོགས་སོགས་ཀྲུང་ནེའི་མཛའ་གྲོགས་ཚོགས་པ་དང་ལག་གདང་སྦྲེལ་ནས་བྱེད་སྒོ་སྣ་ཚོགས་གཉེར་ནས་ཀྲུང་གོའི་རིག་གནས་ལོ་རྒྱུས་དང་སྒྱུར་བཅོས་སྒོ་དབྱེའི་གྲུབ་འབྲས་དྲིལ་བསྒྲགས་བྱས་ཏེ་ནེ་པ་ལ་བ་ཀྲུང་གོར་ལྟ་སྐོར་དང་འཚམས་འདྲི་བྱ་རྒྱུར་སྐུལ་འདེད་དང་ཀྲུང་གོ་ཤེས་རྟོགས་ཐུབ་རྒྱུ་ཟབ་ཏུ་བཏང་ཡོད།
         ནེ་པ་ལའི་གཞུང་ཕྱོགས་ཀྱི་སྨྱན་སྦྱོར་ཏེ་《ནེ་པ་ལའི་གསར་དར་ཚགས་པར་》གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་ལ་མ་སུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུའི་ནང་དོན་གལ་ཆེན་ཞིག་ཡིན་པའི་དམངས་ཁྲོད་སྤེལ་རེས་བྱེད་སྒོས་ཀྲུང་ནེའི་དབར་ཕན་ཚུན་ཤེས་རྟོགས་དང་སྲོལ་རྒྱུན་གྱི་མཛའ་གྲོགས་ཟབ་ཏུ་འགྲོ་རྒྱུ་མ་ཟད། ཀྲུང་ནེའི་མཉམ་ལས་ལ་སྲ་ཞིང་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་དང་སྤྱི་ཚོགས་ཀྱི་རྨང་གཞི་བཏིང་ཡོད་ཅེས་བརྗོད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།