འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩ་བཙུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:38】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། འཁོར་རྒྱུག་དཔལ་འབྱོར་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་འཛུགས་སྐྲུན་མགྱོགས་མྱུར་བྱེད་ཆེད་དང་ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་ཆེད། བཙུགས་པའི་མཚོ་སྔོན་ཞིང་ཆེན་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་དང་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩའི་སྒོ་བྱང་ཚེས་18ཉིན་གྱི་སྔ་དྲོ་བཀལ་ནས་ལས་གཉེར་བྱེད་འགོ་ཚུགས་པ་དང་། ཐེབས་རྩའི་དུས་ཐེངས་དང་པོར་རྒྱ་ཁྱབ་ངང་བསྡུ་རུབ་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་80ཡོད་པ་རེད།
         མཚོ་སྔོན་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་ཧའེ་ཁུན་གྱིས་མཚོ་སྔོན་ཞིང་ཆེན་གྱི་སྤྱི་པའི་སྒྲིག་བཀོད་འཛུགས་སྐྲུན་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་ནི་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད་ཁྲིམས་མཐུན་ངང་བཙུགས་པ་ཞིག་དང་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་གྱིས་སྲིད་གཞུང་གི་ཚབ་བྱས་ཏེ་མ་རྩ་བཏོན་ནས་བཙུགས་པའི་གཞུང་ཁོངས་མ་རྩ་ཁེར་འཇོག་ཚད་ཡོད་འགན་འཁྲི་ཀུང་སི་ཞིག་རེད། མཚོ་སྔོན་ཞིང་ཆེན་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཐེབས་རྩ་ནི་ཀུང་སི་འདི་དང་རྒྱལ་ཁབ་གསར་སྤེལ་དངུལ་ཁང་མཚོ་སྔོན་ཡན་ལག་དངུལ་ཁང་སོགས་དངུལ་རྩའི་སྒྲིག་གཞི་དང་དེ་བཞིན་སྤྱི་ཚོགས་ཀྱི་མ་རྩ་བཏང་ནས་ཐུན་མོང་ཐོག་བཙུགས་པ་ཞིག་རེད་ཅེས་ངོ་སྤྲོད་བྱས་ཡོད།
         “ཀུང་སི་དང་ཐེབས་རྩ་བཙུགས་པའི་དམིགས་ཡུལ་ནི་སྲིད་གཞུང་གི་མ་རྩ་གཏོང་བ་དང་མཉམ་འདྲེས་ཀྱི་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་བྱས་ནས་ནོར་སྲིད་རང་བཞིན་གྱི་མ་རྩའི་ཁྲིད་སྟོན་སྐུལ་འཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། སྲིད་གཞུང་དང་སྤྱི་ཚོགས་ཀྱི་མ་རྩ་མཉམ་འདྲེས་བྱེད་སྟངས་ཁྱབ་གདལ་དང་སྤྱོད་པ། སྤྱི་ཚོགས་ཀྱི་མ་འཇོག་སྐྱེ་སྟོབས་འཕེལ་བར་བྱེད་པ་བཅས་ཀྱིས་སྲིད་གཞུང་གིས་གཙོ་ཁྲིད་དང་། ཁྲོམ་རས་འཁོར་རྒྱུག སྤྱི་ཚོགས་ཐེ་ཞུགས་བཅས་ཀྱི་སྣེ་མང་ཅན་གྱི་མ་རྩ་གཏོང་བ་དང་མ་རྩ་མཉམ་འདྲེས་ཀྱི་རྣམ་པ་ཞིག་ཆགས་པ་བྱ་རྒྱུ་དེ་རེད”ཅེས་ཝུའུ་ཧའེ་ཁུན་གྱིས་སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་གསུངས།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུང་སི་དང་ཐེབས་རྩ་བཙུགས་རྗེས་མཚོ་སྔོན་ཞིང་ཆེན་གྱི་རྨང་གཞིའི་སྒྲིག་བཀོད་གལ་ཆེན་དང་སྤྱི་པའི་ཞབས་ཞུ། དབུལ་སྒྲོལ་འགག་སྒྲོལ། སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་། དཔལ་འབྱོར་འཁོར་རྒྱུག དེ་བཞིན་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རྒྱུ་ཆ་གསར་པ་དང་ནུས་རྒྱུ་གསར་པའི་ལག་རྩལ་སོགས་ཀྱི་ཐད་མ་རྩ་གཏོང་བ་དང་མ་རྩ་མཉམ་འདྲེས་ཀྱི་ལས་སྒོ་སྤེལ་རྒྱུ་དང་། མ་རྩ་ཅུང་གཏོང་མང་བ་དང་ཚུར་བསྡུའི་འཁོར་ཡུན་ཅུང་རིང་བ། ལུགས་མཐུན་གྱི་ཐོབ་ཆ་ངེས་ཅན་ལྡན་པའམ་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ལ་འཕྲལ་དུ་མཁོ་བའི་སྤྱི་ཕན་རང་བཞིན་དང་། ཁྲོམ་ར་ཅན་གྱི་རྣམ་གྲངས་འཛུགས་སྐྲུན་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ནས་ཞིང་ཆེན་ཡོངས་ཀྱི་འཁོར་རྒྱུག་དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།