འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།བརྟག་དཔྱད་ལྟར་ན་ཀྲུང་གོ་ཉིད་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཀྱིས་མ་འཇོག་བྱེད་འདོད་ཆེ་ཤོས་ཀྱི་
    རྒྱལ་ཁབ་ཏུ་གྱུར་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:32】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་18ཉིན་ཨོ་སི་ཁྲུ་ལི་ཡའི་ཕྱིར་གཏོང་ཨུ་ཡོན་ལྷན་ཁང་གིས་《2016ལོའི་ཨོ་སི་ཁྲུ་ལི་ཡའི་རྒྱལ་སྤྱིའི་ཚོང་དོན་བརྟག་དཔྱད་སྙན་ཞུ་》ཁྱབ་བསྒྲགས་བྱས་པའི་ནང་ཀྲུང་གོ་ཉིད་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་ཀྱིས་མ་འཇོག་བྱེད་འདོད་ཆེ་ཤོས་བྱེད་པའི་རྒྱལ་ཁབ་ཏུ་གྱུར་པ་དང་དུས་མཚུངས་ཨོ་སི་ཁྲུ་ལི་ཡའི་མ་འཇོག་རྒྱལ་ཁབ་ཆེ་ཤོས་ཡིན་པ་མངོན་ཡོད་པ་རེད།
         སྙན་ཞུའི་ནང་བརྟག་དཔྱད་ཁྲོད་འབྱོར་བའི་ལན་འདེབས་ཡི་གེའི་ནང་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་13%གྱིས་འདས་ཟིན་པའི་ལོ་གསུམ་ནང་ཀྲུང་གོ་རྒྱལ་ཁབ་དེའི་མ་འཇོག་བྱ་ཡུལ་རྒྱལ་ཁབ་གཙོ་བོར་བདམས་པ་དང་། ཨོ་སི་ཁྲུ་ལི་ཡའི་ཁེ་ལས་21%ལ་འདས་ཟིན་པའི་ལོ་གསུམ་ནང་ཐོབ་པའི་ཕྱི་དངུལ་གཙོ་བོ་ཀྲུང་གོ་ནས་བྱུང་ཡོད། ཨོ་སི་ཁྲུ་ལི་ཡའི་ཉོ་ཚོང་དང་མ་འཇོག་པུའུ་ཀྲང་ཧྲི་ཏི་ཝུན་ཆའོ་པོས་དེ་ནི་2015ལོའི་ཨོ་ཀྲུང་རྒྱལ་ཁབ་གཉིས་པོའི་རང་མོས་ཉོ་ཚོང་ཆོད་ཡིག་བཞག་པ་དང་འབྲེལ་གོ་ཆོད་པ་ལས་ཕན་འབྲས་ཐོབ་པ་རེད་ཅེས་བརྗོད་པ་རེད།
         སྙན་ཞུ་དེའི་ནང་རྒྱལ་སྤྱིའི་ལས་སྒོ་གཉེར་མཁན་ཨོ་སི་ཁྲུ་ལི་ཡའི་ཁེ་ལས་900ལྷག་ཙམ་གྱི་ཚུར་སྣང་ལན་ཆ་བསྡུ་རུབ་བྱས་ཡོད་པ་རེད། བཅར་འདྲི་དང་ལེན་བྱེད་མཁན་ཁེ་ལས་མང་ཆེ་བ་ཁེ་ལས་འབྲིང་ཆུང་ཡིན་པ་དང་དེ་ཚོའི་ལས་སྒོ་གོ་ལ་ཧྲིལ་པོའི་ཁྲོམ་ར་100ལྷག་ཙམ་ལ་ཁྱབ་པས་མང་ཆེ་བར་རྒྱལ་སྤྱིའི་ལས་གཉེར་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།