འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།ལྷ་ས་གྲོང་ཁྱེར་གྱིས་ཞོ་སྟོན་གོང་དུ་སྤྱི་སྤྱོད་རླངས་འཁོར་ལ་རིན་མེདWiFiབསྒར་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཟླ་8ཚེས་16ཉིན་གྱི་ཕྱི་དྲོ་གསར་འགོད་པས་སྣེའུ་ཁུལ་གསར་གྱི་སྤྱི་སྤྱོད་རླངས་འཁོར་བབས་ཚུགས་སུ་ལག་རྩལ་པ་འགའ་ཞིག་གིས་སྤྱི་སྤྱོད་རླངས་འཁོར་ཐོག་ལས་བྲེལ་ཆེན་པོས་ཕར་འགྲོ་ཚུར་འོང་བྱེད་པ་མཐོང་བྱུང་། གསར་འགོད་པས་ཁོང་ཚོའི་སར་བསྐྱོད་ནས་སྐད་ཆ་དྲིས་པས་རླངས་འཁོར་ལ་རིན་མེདWiFiསྒྲིག་སྦྱོར་བྱེད་པ་ཤེས་བྱུང་། ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིས་འདི་ལོའི་ཟླ་བ་ལྔ་པ་ནས་བཟུང་ཚོད་ལྟའི་ལས་དོན་སྤེལ་འགོ་བཙུགས་ཤིང་དམིགས་ཡུལ་ནི་འགྲུལ་པར་ཞབས་འདེགས་སྔར་བས་ཡག་པོ་ཞུ་ཆེད་རེད།
         “ང་ཚོས་ཕོ་བྲང་པོ་ཏ་ལ་ལྟེ་བར་བྱས་ཏེ་སྤྱི་ལེ་10ཡི་ཁྱབ་ཁོངས་སུ་སྤྱི་སྤྱོད་རླངས་འཁོར་ལ་རིན་མེདWiFiཡོངས་སུ་ཁྱབ་པ་བྱེད་རྩིས་ཡོད། ཞོ་སྟོན་གོང་དུ་ལམ་བརྒྱད་པའི་རླངས་འཁོར་17ལ་WiFiསྒྲིག་སྦྱོར་བྱ་རྒྱུ་དང་། དེ་རྗེས་གཅིག་རྗེས་གཉིས་མཐུད་དུ་སྒྲིག་སྦྱོར་བྱ་རྒྱུ་ཡིན། སྔོན་དཔག་བྱས་ན་རྒྱལ་སྟོན་དུས་ཆེན་གོང་དུ་སྒྲིག་སྦྱོར་ལས་ཀ་ཚང་མ་ལེགས་གྲུབ་བྱ་རྒྱུ་རེད”ཅེས་ལྷ་ས་གྲོང་ཁྱེར་སྤྱི་སྤྱོད་རླངས་འཁོར་སྐྱེལ་འདྲེན་ཚད་ཡོད་ཀུང་སིའི་འབྲེལ་ཡོད་འགན་འཁུར་བས་བཤད་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།