འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་སྔོན་མའི་
    ཉམས་འགྱུར་གཏོད་རྒྱུར་སྣང་ཆེན་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་20ཉིན། 14:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། མཚོ་སྔོན་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར། 2016ལོར་མཚོ་སྔོན་ཞིང་ཆེན་གྱིས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་འབྲོག་པའི་ཉེན་ཆེའི་ཁང་རྙིང་སྒྱུར་བཀོད་ལས་དོན་ལ་སྐུལ་འདེད་གཏོང་བའི་ལྟ་སྦྱོང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་ཞིང་འབྲོག་ཁུལ་གྱི་ཉེན་ཆེའི་ཁང་རྙིང་སྒྱུར་བཀོད་བྱེད་སྐབས་མཚོ་སྔོན་ཞིང་ཆེན་གྱིས་སྔོན་མའི་ཉམས་འགྱུར་གཏོད་རྒྱུར་སྔར་བས་དོ་སྣང་བྱས་པ་དང་། ས་ཁོངས་ཀྱི་ཉམས་འགྱུར་དང་མི་རིགས་ཀྱི་ཁྱད་ཆོས་ལ་བསམ་བློ་བཏང་བ། མང་ཚོགས་ཀྱི་འདོད་བློར་བརྩི་འཇོག་བྱས་པ། གྲོང་སྡེའི་འཕེལ་རྒྱས་འགྲོ་བའི་རང་བྱུང་རྣམ་པ་སོར་གནས་དང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ཐུབ་པ་བྱས་ཡོད།
         ཤེས་རྟོགས་བྱུང་བར་གཞིགས་ན། འཛུགས་སྐྲུན་བྱེད་རིང་ས་གནས་ཁག་གིས་གྲོང་སྡེའི་དེ་སྔའི་རྣམ་པ་དང་སྲོལ་རྒྱུན་གྱི་ཉམས་འགྱུར་རང་སོར་གནས་རྒྱུར་སྣང་ཆེན་བྱས་པ་དང་། སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་སྐྲུན་དུས་གྲོང་རྡལ་ལ་ལྟ་བར་སྣང་ཆེན་བྱས་པ། གྲོང་ཁྱེར་གྱི་ནུས་པ་གྲོང་ཚོར་སྣུར་སྲིང་བྱས་ནས་སྔོན་མའི་སྟབས་བདེའི་འགྲོ་ལམ་དག་ལ་མི་བགྲོད་ལམ་བུ་འདིང་བའི་ཁར་ལེ་ལག་ཚང་བའི་ཆུ་མདོང་དྲ་བའང་ཁྲིད་ཡོད། སྟབས་བདེའི་ཐང་ཆེན་བསྐྲུན་པ་ནས་ལེ་ལག་ཚང་བའི་རིག་རྩལ་སྒྲིག་བཀོད་སྒྲིག་སྦྱོར་དང་། སྔོ་ལྗང་མཛེས་ལྗོངས་བཟོ་བ། སྤྱི་གླིང་ཆུང་ངུ་བསྐྲུན་པ་སོགས་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་300ལ་འཕྲོད་བསྟེན་དང་། སློབ་གསོ། རིག་གནས་སོགས་ཀྱི་རྨང་གཞིའི་རྣམ་གྲངས་1316བཀོད་སྒྲིག་བྱས་པས། མི་ཁྲི་28.37ལ་ཕན་པ་ཐོབ་ཡོད། དེ་དང་དུས་མཚུངས་ས་གནས་ཁག་གིས་ད་དུང་ས་མཐོའི་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་དང་སྲོལ་རྒྱུན་གྲོང་སྡེ་སྲུང་སྐྱོབ་ཟུང་འབྲེལ་བྱས་ཏེ་གནའ་བོའི་གྲོང་སྡེ་དང་། གནའ་བོའི་སྡོད་ཁང་། སྐྲུན་དངོས་རྙིང་པ། རྩ་ཆེའི་རྩི་ཤིང་སོགས་ལ་སྲུང་སྐྱོབ་ལ་ཤུགས་སྣོན་བརྒྱབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།