འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཧང་ཀྲོའུ་ཡིས་G20ཡི་འགོ་གཙོའི་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་ལེགས་པར་བྱས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 13:29】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཧང་ཀྲོའུ་ཡིས་G20ཡི་འགོ་གཙོའི་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་ལེགས་པར་བྱས་ཡོད་པ།
         མི་དམངས་དྲ་བའི་འཕྲིན། “ཀྲུང་གོར་ངག་རྒྱུན་དུ་གནམ་ལ་ལྷ་ཡི་ཞིང་ཁམས་དང་། ས་ལ་སུའུ་ཧང་ཡུལ་གྲུ་ཡོད་ཅེས་པའི་བཤད་སྲོལ་ཡོད་པ་འདིའི་ནང་དོན་ནི་ཧང་ཀྲོའུ་དང་སུའུ་ཀྲོའུ་གཉིས་ཀྱི་ཡུལ་ལྗོངས་ནི་རི་མོ་བཞིན་དུ་མཛེས་པས་མི་ཡུལ་གྱི་བདེ་བ་ཅན་་དུ་གྲགས་ཤིང་། ཧང་ཀྲོའུ་ནི་ལོ་རྒྱུས་རིག་གནས་ཀྱི་མཁར་གྲོང་གྲགས་ཅན་ཡིན་ལ། གསར་གཏོད་ཀྱི་གསོན་ཤུགས་ཀྱིས་ཁེངས་པའི་གྲོང་ཁྱེར་ཞིག་ཀྱང་ཡིན་པས། 2016ལོའི་འགོ་གཙོའི་ཚོགས་འདུ་ཡིས་མི་རྣམས་ཚང་མར་ལོ་རྒྱུས་དང་དངོས་ཡོད་མཉམ་དུ་འདྲེས་པའི་མངོན་མེད་དོན་མཚོན་གྱི་རྣམ་པ་དམིགས་བསལ་ཅན་ཞིག་གནང་རྒྱུ་ཡིན་པར་ཡིད་ཆེས་ཡོད།” ལོ་གཅིག་གི་སྔོན་དུ་2016ལོའི་G20ཡི་འགོ་གཙོའི་ཚོགས་འདུ་ཧང་ཀྲོའུ་རུ་འཚོག་རྒྱུ་གཏན་འཁེལ་བྱེད་སྐབས་ཀྲུང་གོས་ཁོངས་མི་རྣམས་དང་འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ལ་གོང་གསལ་ལྟར་དྲིལ་བསྒྲགས་མཚམས་སྦྱོར་བྱས་པ་རེད། མིག་སྔར་ལོ་གཅིག་རིང་གི་གྲ་སྒྲིག་བྱས་པ་བརྒྱུད། ཧང་ཀྲོའུ་ཡིས་ཀྲུང་གོས་G20ཡི་འགོ་གཙོའི་ཚོགས་འདུ་ཐོག་མ་འཚོག་རྒྱུར་གྲ་སྒྲིག་གང་ལེགས་བྱས་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།ཧང་ཀྲོའུ་ཡིས་G20ཡི་འགོ་གཙོའི་ཚོགས་འདུ་འཚོག་རྒྱུའི་གྲ་སྒྲིག་ལེགས་པར་བྱས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།