འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་བོད་ཀྱི་གཏམ་བརྗོད་ཟློས་གར་ཐོག་མར་འཁྲབས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཀྲུང་གོའི་རྒྱལ་ཁབ་གཏམ་བརྗོད་ཟློས་གར་ཁང་གིས་མཉམ་འབྲེལ་ཐོག་བཏོན་པ་དང་། བོད་རང་སྐྱོང་ལྗོངས་གཏམ་བརྗོད་ཟློས་གར་ཚོགས་པས་གསར་དུ་འཁྲབ་པའི་ལོ་རྒྱུས་བརྗོད་གཞི་ཡིན་པའི་གཏམ་བརྗོད་ཟློས་གར་《ཐུན་མོང་གི་ཁྱིམ་གཞིས་》ཚེས་16ཉིན་པེ་ཅིང་གི་ཀྲུང་གོའི་རྒྱལ་ཁབ་ཟློས་གར་ཁང་ཆེན་དུ་འཁྲབས་ཤིང་། དེ་ནི་བོད་ལྗོངས་གཏམ་བརྗོད་ཟློས་གར་རྒྱལ་ཁབ་ཟློས་གར་ཁང་ཆེན་གྱི་གར་སྟེགས་སུ་ཐོག་མར་འཁྲབས་པ་ཞིག་རེད།
         ཟློས་གར་དེར་ལོ་རྒྱུས་དོན་རྐྱེན་ངོ་མ་རྒྱབ་ལྗོངས་སུ་བྱས་པའི་ཉལ་ཐའི་དམག་འཁྲུག་ཐེངས་དང་པོའི་རྗེས་སུ་བོད་དམག་གི་དཔོན་དམག་2000གིས་ལ་ལུང་མང་པོ་བརྒལ་ནས་མཚོ་རྒྱུད་གྲོང་ཁྱེར་ཉིང་པོ་རུ་བསྐྱོད་པ་དང་། ཆིང་རྒྱལ་རབས་ཀྲུང་དབྱང་སྲིད་གཞུང་གི་དམག་དཔུང་ལ་རམ་འདེགས་བྱས་ཏེ་དབྱིན་དམག་ལ་འགོག་རྒོལ་བྱས་ཤིང་། མཐར་ཐུན་མོང་གི་ཁྱིམ་གཞིས་སྲུང་ཆེད་ཚང་མས་དཔའ་ཉམས་ལྡན་པའི་ངང་རང་སྲོག་བློས་བཏང་སྟེ་དགའ་སྐྱོ་གཉིས་ལྡན་གྱི་མི་རིགས་ཀྱི་ལོ་རྒྱུས་མཚོན་པའི་སྙན་ངག་ཅིག་བརྩམས་ཡོད།
         《ཐུན་མོང་གི་ཁྱིམ་གཞིས་》ནི་2015ལོར་ཐོག་མར་འཁྲབ་སྟོན་བྱས་པ་དང་། དེ་ནི་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་རྟེན་འབྲེལ་ཞུ་བར་ལེགས་སྐྱེས་འབུལ་བའི་འཁྲབ་ཚན་ཞིག་རེད་ལ། 2015ལོའི་རྒྱལ་ཁབ་ཀྱི་སྒྱུ་རྩལ་ཐེབས་རྩའི་སྒྱུ་རྩལ་གསར་རྩོམ་གྱི་རོགས་དངུལ་རྣམ་གྲངས་ལ་བདེ་བླག་ངང་བདམས་ཤིང་། ལས་རིགས་ཁག་གི་གདེང་འཇོག་བཟང་པོ་ཐོབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།