འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་དགོན་སྡེར་ལུས་སྦྱོང་ཡོ་བྱད་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་གྱིས་དགོན་སྡེར་ལུས་སྦྱོང་ཡོ་བྱད་འཛུགས་པའི་བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་ཚན་པའི་རྒྱབ་སྐྱོར་འོག་མ་དངུལ་སྒོར་ཁྲི་1322གྲབས་གསོག་བྱས་ཏེ་སྔ་རྗེས་སུ་ཁག་བཞི་ལ་བགོས་ནས་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་619དང་ཕྱག་འཚལ་ཁང་10ལ་ལུས་སྦྱོང་ཡོ་བྱད་སྤྲད་པ་རེད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་མང་ཚོགས་ལུས་རྩལ་ཁྲུའི་ཁྲུའུ་ཀྲང་ཀའོ་ཞུའེ་ལིན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། རྣམ་གྲངས་དེའི་ལས་དོན་མཚོ་སྔོན་ཞིང་ཨུད་ཀྱིས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འདུ་འགོད་ནང་བཅུག་ཡོད་པ་རེད།
         “མིག་སྔར། དམངས་ཡོངས་ཀྱི་ལུས་སྦྱོང་བྱེད་སྒོ་རྒྱལ་ཁབ་ཀྱི་འཐབ་ཇུས་ཐོག་རིམ་སྤོར་བྱས་པས། དགོན་སྡེའི་གྲྭ་བཙུན་ཚོར་ཡང་ལུས་རྩལ་གྱི་སྤྲོ་སྣང་མྱོང་རོལ་ཐུབ་ཡོད”ཅེས་ཀའོ་ཞུའེ་ལིན་གྱིས་བཤད།
         མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་རིག་གནས་དང་རླུང་འཕྲིན་བརྙན་འཕྲིན་ཅུས་ཀྱི་བརྟག་ཞིབ་པ་གཞོན་པ་ལི་ཀང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཆ་རྨ་ལྷོར་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་དང་ཕྱག་འཚལ་ཁང་108ཡོད་པ་དང་། དགོན་སྡེ་དང་ཕྱག་འཚལ་ཁང་64ལ་ལུས་སྦྱོང་སྒྲིག་ཆས་ཡོད་པས། གྲྭ་བཙུན་ཚོ་སྤྲོ་སྣང་ཆེན་པོའི་སྒོ་ནས་ལུས་སྦྱོང་བྱ་རྒྱུ་བྱུང་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།