འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བློས་བསླངས་ཞེས་པའི་དེང་རབས་སྒྱུ་རྩལ་འགྲེམས་སྟོན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན། རྩེར་སོན་བརྩམས་ཆོས་《འཁྱགས་སྐུ་》ལྷ་སར་ཕྱིར་ལོག་བྱས་པ་དང་སྦྲགས་བློས་བསླངས་ཞེས་པའི་དེང་རབས་ཀྱི་སྒྱུ་རྩལ་འགྲེམས་སྟོན་ལྷ་སར་འགོ་ཚུགས་ཤིང་། གཙོ་གཉེར་ཕྱོགས“ཉིང་ཁུའི་སྒྱུ་རྩལ”གྱི་ཇུས་འགོད་འོག་རྒྱལ་ཁབ་ཕྱི་ནང་གི་སྒྱུ་རྩལ་མཁས་ཅན་14ཡིས་གསར་གཏོད་བྱས་པའི་སྲོལ་རྒྱུན་དང་དེང་རབས་ཀྱི་དཀྱིལ་འཁོར་དུས་གཅིག་ཏུ་འགྲེམས་སྟོན་བྱས་ནས་དབྱར་དུས་སུ་ལྷ་སར་ཡུལ་སྐོར་དུ་འགྲོ་མཁན་ཚོར་ལྟ་བས་མི་ངོམ་པའི་སྒྱུ་རྩལ་གྱི་འགྲེམས་སྟོན་ཞིག་བྱ་རྒྱུ་རེད།
         གཙོ་གཉེར་ཕྱོགས“ཉིང་ཁུའི་སྒྱུ་རྩལ”གྱིས་ཧི་མ་ལ་ཡའི་རིག་གནས་སྒྱུ་རྩལ་རྒྱུད་སྤེལ་ལ་གཞོལ་བཞིན་ཡོད་པ་དང་འབྲེལ་རྒྱལ་སྤྱི་ཅན་གྱི་འགྲེམས་སྟོན་རྣམ་པའི་ཐོག་ནས་སྲོལ་རྒྱུན་དང་དེང་རབས་འབྲེལ་མཐུད་དང་འཛམ་བུ་གླིང་དང་ཧི་མ་ལ་ཡ་འབྲེལ་མཐུད་བྱ་རྒྱུ་ནི་ད་རེས་ཀྱི་འགྲེམས་སྟོན་གྱི་ཐོག་མའི་དམིགས་ཡུལ་རེད། སྒྱུ་རྩལ་མཁས་ཅན་དེ་དག་གི་བརྩམས་ཆོས་ནང་ལྟ་ཚུལ་མི་འདྲ་བའི་ཐོག་ནས་དཀྱིལ་འཁོར་གྱི་སྙིང་པོ་སྔོག་འདོན་བྱས་པའི་ཁར་སྲོལ་རྒྱུན་གྱི་དཀྱིལ་འཁོར་དང་དེང་རབས་ཀྱི་དཀྱིལ་འཁོར་དབར་འབྲེལ་མཐུད་བྱས་པས་སྐྱེ་བོ་རྣམས་ཀྱི་བློ་སྒོ་ཕྱེ་ཡོད་པ་རེད།
         ད་རེས་ཀྱི་འགྲེམས་སྟོན་དེ་ཟླ་9ཚེས་4ཉིན་བར་སྤེལ་རྒྱུ་དང་ཉིན་ལྟར་གྱི་སྔ་དྲོའི་ཆུ་ཚོད་11ནས་ཕྱི་དྲོའི་ཆུ་ཚོད་6པ་བར་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།