འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྤྱིའི་ཆུ་འབྲས་ཞིབ་འཇུག་ཁང་གིས་ཚན་རིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཆུ་
    འབྲས་ལ“དབྱིབས་བཅོས”བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། པེ་ཅིང་དུ་སྐབས་བདུན་པའི་རྒྱལ་སྤྱིའི་ལོ་ཏོག་ཚན་རིག་ཚོགས་ཆེན་ལ་ཞུགས་པའི་རྒྱལ་སྤྱིའི་ཆུ་འབྲས་ཁང་གི་སུའོ་ཀྲང་འབུམ་རམས་པ་མཱ་ཤིའུ་·མོ་ལེའར་གྱིས་གོང་ཚེས་ཉིན་བཅར་འདྲི་དང་ལེན་བྱེད་སྐབས་རྒྱལ་སྤྱིའི་ཆུ་འབྲས་ཞིབ་འཇུག་ཁང་གིས་གོ་ལ་ཧྲིལ་པོའི་ཞིང་ལས་ཚན་རིག་མཁས་ཅན་སྒྲིག་འཛུགས་བྱས་ནས་ཆུ་འབྲས་ལ“དབྱིབས་བཅོས”བྱས་ཏེ་ཐོན་མཐོ་དང་ནུས་ཆེའི་ཁྱད་ཆོས་ལྡན་གང་ཐུབ་བྱ་རྒྱུ་རེད་ཅེས་བརྗོད་པ་རེད།
         རྒྱལ་སྤྱིའི་ཆུ་འབྲས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཡེ་གོ་ཡིའུ་ཡིས་ཆུ་འབྲས་ལ“དབྱིབས་བཅོས་བྱེད”པ་ནི་ཚན་རིག་གི་བྱ་ཐབས་ལ་བརྟེན་ནས་ཆུ་འབྲས་ཀྱི་ལོ་འདབ་གྲུབ་ཆ་དང་བཟོ་དབྱིབས་ལ་ཉི་འོད་དེ་བས་ཕོག་སླ་བ་ཡོང་བ་བྱས་ནས་འོད་འཕྲོའི་ནུས་ཕྱོད་ཆེ་རུ་གཏོང་བ་དང་དུས་མཚུངས་སྐྱེ་དངོས་རྫས་འགྱུར་རྙིང་འབུད་གསར་བརྗེས་སོགས་ཀྱི་ཐབས་ལམ་བརྒྱུད་དེ་འོད་འཕྲོའི་ནུས་ཕྱོད་ཆེ་རུ་བཏང་ནས་ཐོན་མཐོའི་དམིགས་ཚད་འགྲུབ་པར་བྱ་རྒྱུ་དེ་རེད་ཅེས་སྔར་བས་འགྲེལ་བཤད་བརྒྱབ་པ་རེད།
         ཚོགས་ཆེན་འཚོགས་རིང་རྒྱལ་སྤྱིའི་ཆུ་འབྲས་ཞིབ་འཇུག་ཁང་གིས་ད་དུང་ཀྲུང་གོ་ཞིང་ལས་ཚན་རིག་ཁང་དང་གྲོས་མཐུན་བཞག་པ་རེད། ཕྱོགས་གཉིས་པོས་ཆུ་འབྲས་ཀྱི་རྒྱུད་གཞིའི་རིག་པར་བརྟེན་ནས་གནམ་གཤིས་དང་འཚམ་པའི་ཆུ་འབྲས་ལ་ཞིབ་འཇུག་བྱ་རྒྱུར་གཞོལ་ནས་གཞི་རྒྱུའི་རིག་པ་དང་འདེབས་འཛུགས་སྤུས་ཚད་ཐད་ཚན་ཞིབ་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་རྒྱུའི་ཐད་མོས་མཐུན་མཐའ་གཅིག་ཏུ་བྱས་པ་དང་གོ་ལ་ཧྲིལ་པོའི་འབྲུ་རིགས་བདེ་འཇགས་ཡོང་བར་འགྲན་སློང་བསུ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཉམ་ལས་དེས་ཆུ་འབྲས་ཀྱི་གཞི་རྒྱུའི་ཚད་འཇལ་གོ་རིམ་རྒྱ་སྐྱེད་དང་དེ་བཞིན་གལ་ཆེའི་རང་བཞིན་ལྡན་པའི་གཟུགས་དབྱིབས་བཙལ་རྒྱུ་དཔེར་ན་ཞོད་སྐྱོན་དང་ཐན་སྐྱོན་འགོག་ཐུབ་པ་ལྟ་བུ་རེད། ཆུ་འབྲས་སྡོང་རྐང་འདེབས་འཛུགས་ཀྱི་འོད་འཕྲོའི་ནུས་ཕྱོད་ལེགས་སུ་བཏང་ནས་ཐོན་ཚད་འཕར་སྣོན་ཡོང་བ་བྱ་རྒྱུ་རེད། ཀྲུང་གོའི་ཕྱི་དབྱིབས་རིག་པའི་དྲ་རྒྱ་བཙུགས་ཏེ་ཆུ་འབྲས་སྡོང་རྐང་གི་གཞི་རྒྱུའི་གཟུགས་དབྱིབས་དེ་བས་ལེགས་པའི་སྒོ་ནས་རྟོགས་པར་བྱས་ནས་ཞིང་ནང་དུ་ནུས་པ་ཇི་འདྲ་ཐོན་རྒྱུ་ཐག་གཅོད་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།