འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཁེན་ནི་ཡ་རུ་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཀྱི་གཞུང་ཚབ་པས་མོང་ནེའི་ལྕགས་ལམ་
    རྣམ་གྲངས་ལ་བསྔགས་བརྗོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་19ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཁེན་ནི་ཡ་རུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་གི་གདན་ཞུས་ལྟར། ཚེས་16ཉིན་ཁེན་ནི་ཡ་རུ་བཅའ་སྡོད་ཨ་ཧྥེ་རི་ཁའི་རྒྱལ་ཁབ་13གྱི་ཕྱི་འབྲེལ་དཔོན་གྱིས་ཀྲུང་གོའི་ཀུང་སིས་བསྐྲུན་འགན་ཁུར་བའི་ཁེན་ནི་ཡའི་མོང་ནེའི་ལྕགས་ལམ་ལ་ལྟ་སྐོར་བྱས་པ་རེད།
         ཁེན་ནི་ཡ་རུ་བཅའ་སྡོད་ཙམ་པབ་ཝེ་དང་། ཝུ་ཀན་ཏ། ཀག་ན། ཨར་ཅི་རི་ཡ། སེ་ནེ་ཀལ། མོ་ཙམ་པི་ཁེ། རུ་ཝང་ཏ་སོགས་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེ་མོ་བ་དང་དེ་བཞིན་མཐོ་རིམ་ཀྲོན་ཡོན་དེ་ཉིན་གྱི་ལྟ་སྐོར་བྱེད་སྒོར་ཞུགས་ཡོད། ལྟ་སྐོར་ཚོགས་པས་སྔ་རྗེས་སུ་མོང་ནེ་ལྕགས་ལམ་གྱི་ཨ་ཤིས་གཙང་པོའི་ཟམ་ཆེན་དང་ནེ་རོ་པིའི་བབས་ཚུགས་མཐའ་མར་ལྟ་སྐོར་བྱས་པ་དང་འབྲེལ་ལས་གྲྭའི་ངོ་སྤྲོད་ཉན་པ་རེད།
         ལིའུ་ཤན་ཧྥ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མོང་ནེ་ལྕགས་ལམ་རྣམ་གྲངས་ཀྱིས་ཁེན་ནི་ཡར་མི་ཁྲི་4ལྷག་ཙམ་གྱི་ལས་ཞུགས་ཐག་གཅོད་བྱས་པ་དང་ལག་རྩལ་པ་ཁྲི་གཉིས་ཙམ་གསོ་སྦྱོང་བྱས་པ་མ་ཟད། ཁེན་ནི་ཡའི་རྒྱལ་ནང་ཐོན་སྐྱེད་བསྡོམས་འབོར་བརྒྱ་ཆའི་གྲངས་1.5འཕར་ཐུབ་པ་བྱུང་ཡོད། ལྕགས་ལམ་བསྐྲུན་སྐབས་སྣོད་བཅུད་ཤེས་དཔལ་འདུ་ཤེས་འཆར་གཞིའི་ནང་བཞག་པ་དང་ལྷག་པར་དུ་ལྕགས་ལམ་བརྒྱུད་དུ་བདག་ཏུ་མ་བཟུང་བའི་སྲོག་ཆགས་བསྐྱོད་ས་14ཙམ་བཟོས་ནས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཐུབ་པ་བྱས་ཡོད།
         ཁེན་ནི་ཡར་བཅའ་སྡོད་ཕྱི་འབྲེལ་གཞུང་ཚབ་ཚོགས་པའི་ཚོགས་གཙོ་ཙམ་པབ་ཝེའི་གཞུང་ཚབ་ཆེ་མོ་བ་ཁའེ་ལའེ་པོ་ཐེ·ཨེན་ཁོའོ་མ་ཉིས་བཞུགས་མོལ་ཚོགས་འདུའི་ཐོག་མོང་ནེའི་ལྕགས་ལམ་གྱིས་ཁེན་ནི་ཡ་དང་ཨ་ཧྥེ་རི་ཁ་ཤར་མའི་ས་ཁུལ་ཧྲིལ་པོར་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཕན་འབྲས་ཆེན་པོ་ཐོན་རྒྱུ་མ་ཟད། དེ་ནི་ཨ་ཧྥེ་རི་ཁའི་འཕེལ་རྒྱས་ཀྱི་དགོས་མཁོ་དང་འཚམ་པའི་རྣམ་གྲངས་གལ་ཆེན་ཞིག་རེད་ཅེས་བཤད།
         ཨེན་ཁོའོ་མ་ཉིས་ལྕགས་ལམ་བསྐྲུན་པའི་བརྒྱུད་རིམ་ནང་ཀྲུང་གོའི་ཀུང་སིས་ལས་ཞུགས་གཏོད་རྒྱུ་དང་། རྒྱུ་ཆ་ཉོ་སྒྲུབ། ལག་རྩལ་བརྒྱུད་སྤྲོད། སྤྱི་ཚོགས་སྤྱི་ཕན་སོགས་ཐད་ནས་ང་ཚོར་ཕན་པ་སྦྱིན་ཡོད་ལ། ཁེན་ནི་ཡའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་ཡང་རོགས་རམ་བྱས་ཡོད། མོང་ནེ་ལྕགས་ལམ་ནི་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་སློབ་སྦྱོང་དང་དཔྱད་གཞིར་འཛིན་འོས་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གཉིས་ཁེའི་དཔེ་སྟོན་རྣམ་གྲངས་ཤིག་ཡིན་ཞེས་བཤད།
         མོང་ནེ་ལྕགས་ལམ་དེ་ཤར་མཐའ་ཁེན་ནི་ཡའི་མོང་པ་ས་གྲུ་ཁ་ནས་ནུབ་མཐའ་རྒྱལ་ས་ནེ་རོ་པི་བར་ཡིན་ཞིང་། དེ་ནི་ཁེན་ནི་ཡས་ལོ་བརྒྱའི་རིང་བསྐྲུན་ཐེངས་དང་པོ་ཡིན་པའི་ལྕགས་ལམ་གསར་པ་ཞིག་ཡིན་ལ། ཨ་ཧྥེ་རི་ཁ་ཤར་མའི་ལྕགས་ལམ་དྲ་བའི་འགོ་ཚུགས་དུམ་བུ་ཞིག་ཀྱང་ཡིན། ཁྱོན་ཨ་སྒོར་དུང་ཕྱུར་38བཏང་བའི་ནང་90%ནི་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་ཁང་གིས་བཏང་བའི་གཟིགས་སྐྱོང་དངུལ་བུན་ཡིན། ལྕགས་ལམ་དེ་བསྐྲུན་རྗེས། མོང་པ་ས་ནས་ནེ་རོ་པི་བར་ད་ལྟ་ཆུ་ཚོད་10འགོར་བ་ནས་ཆུ་ཚོད་4.5བར་ཐུང་དུ་འགྲོ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།