འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལྷ་ས་དང་ཉིང་ཁྲི་གཉིས“དྲ་ཆེན་ཀྲུང་གོའི”དཔེ་སྟོན་གྲོང་ཁྱེར་ནང་བདམས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         ཀྲུང་གོའི་བོད་ལྗོངས་གསར་འགྱུར་དྲ་བར་གནས་ཚུལ་སྤེལ་བ་གཞིར་བཟུང་། རྒྱལ་ཁབ་བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཉེ་དུས་ཁྱབ་བསྒྲགས་བྱས་པའི་2016ལོའི་ལོ་འཁོར་གྱི“དྲ་ཆེན་ཀྲུང་གོའི”དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོའི་ནང་། བོད་ཀྱི་ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གཉིས་དཔེ་སྟོན་གྲོང་ཁྱེར་39ཡི་གྲས་སུ་ཚུད་ཡོད་པ་རེད། དེ་ནི་བོད་ཀྱི་གྲོང་ཁྱེར“དྲ་ཆེན་ཀྲུང་གོའི”དཔེ་སྟོན་གྲོང་ཁྱེར་གྱི་མིང་ཐོའི་ནང་ཚུད་ཐེངས་དང་པོ་ཡིན་ཞིང་། དེ་ཐོག་ནས་བོད་ལྗོངས་འདི་ཉིད་ཆ་འཕྲིན་འཕེལ་རྒྱས་མྱུར་བའི་དུས་སྐབས་སུ་སླེབས་པ་མཚོན་ཡོད།
         “‘དྲ་ཆེན་ཀྲུང་གོའི’དཔེ་སྟོན་གྲོང་ཁྱེར་ཐད་གྲོང་ཁྱེར་ལ་ཅུང་ལེགས་པའི་དྲ་ཆེན་འཕེལ་རྒྱས་ཀྱི་རྨང་གཞི་ལྡན་དགོས། ལྷ་ས་གྲོང་ཁྱེར་དང་ཉིང་ཁྲི་གྲོང་ཁྱེར་གཉིས་བདམས་པ་དེ་ཐོག་ནས་གྲོང་ཁྱེར་དེ་གཉིས་ལ་དྲ་ཆེན་འཁྲིད་པའི་ནུས་པའམ་ཡང་ན་དྲ་ཆེན་ཁྱིམ་ཚང་དུ་ཁྱབ་ཚད་གང་ཞིག་ཡིན་རུང་། དེའི་ཆ་སྙོམས་ཆུ་ཚད་རྒྱལ་ནང་གི་ས་ཁུལ་གཞན་ལས་མཐོ་བ་དགོས་པའི་བླང་བྱ་བཏོན་ཡོད”ཅེས་བོད་རང་སྐྱོང་ལྗོངས་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཉི་མ་རྡོ་རྗེས་ངོ་སྤྲོད་བྱས་པ་དང་། ཁོང་གིས“དྲ་ཆེན་ཀྲུང་གོ”ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་2013ལོར་ལག་ལེན་བསྟར་བའི་ཇུས་གཞི་ཞིག་ཡིན་པ་དང་། འཆར་གཞི་ལྟར་ན་ལོ་3(2014ལོ་ནས་2016ལོའི་བར)གྱི་དུས་ཚོད་སྤྱད་ནས་རྒྱལ་ཡོངས་སུ་དཔེ་སྟོན་གྲོང་ཁྱེར་100ཙམ་གདམ་རྒྱུ་ཡིན་པ་རེད།
         ཉི་མ་རྡོ་རྗེས་མ་འོངས་པར་གྲོང་ཁྱེར་གྱི་དྲ་ཆེན་གྱི་སྤྱིའི་མ་ལག་སྒྲོམ་གཞི་བསྐྲུན་པ་དེས་གྲོང་ཁྱེར་གྱི་སྤྱི་པའི་དོ་དམ་དང་། སྤྱི་ཚོགས་དང་དམངས་འཚོ། དཔལ་འབྱོར། སྲིད་དོན་སོགས་ཁྱབ་ཁོངས་སུ་དྲ་ཆེན་སྤྱོད་རྒྱུར་རོགས་སྐྱོར་ནུས་ལྡན་ཐུབ་རྒྱུ་དང་རིག་ནུས་མཐའ་སྣེ། སྤྲིན་རྩིས། རིག་ནུས་བཟོ་སྐྲུན་སོགས་ཀྱི་ཐོན་ལས་འཕེལ་རྒྱས་མགྱོགས་སུ་འགྲོ་རྒྱུར་རོགས་སྐྱོར་ཐུབ་ནས། ལྷ་ས་དང་ཉིང་ཁྲི་གྲོང་ཁྱེར་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་ཕྱོགས་སྒྱུར་རིམ་སྤོར་ཐུབ་རྒྱུ་དང་། ལྗོངས་ཡོངས་དང་རྒྱལ་ཡོངས་ཀྱི་རིགས་གཅིག་པའི་ས་ཁུལ་གྱི་དྲ་ཆེན་འཕེལ་རྒྱས་གཏོང་རྒྱུའི་ངོས་ནས་བརྗོད་ཚེ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཅུང་ཆེན་པོ་ལྡན་པ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།