འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་སུམ་ཅུ་སོ་གསུམ་པའི་ཀྲུང་གོ·ཧའར་པིན་གྱི་དབྱར་ཁའི་རོལ་དབྱངས་འདུ་ཚོགས་
    གཟབ་རྒྱས་ངང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་6ཉིན་གྱི་དགོང་མོ། རྒྱལ་ཁབ་རིག་གནས་པུའུ་དང་ཧའར་པིན་གྲོང་ཁྱེར་སྲིད་གཞུང་གིས་ཐུན་མོང་ཐོག་གཙོ་གཉེར་བྱས་པའི་སྐབས་33པའི་ཀྲུང་གོ·ཧའར་པིན་གྱི་དབྱར་ཁའི་རོལ་དབྱངས་འདུ་ཚོགས་ཧའར་པིན་གྲོང་ཁྱེར་དུ་འགོ་ཚུགས་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེའི་ཧའར་པིན་དབྱར་ཁའི་རོལ་དབྱངས་འདུ་ཚོགས་ཀྱི་ཐོག་མའི་འཁྲབ་སྟོན་ནང“ཧའར་པིན་གྱི་བརྩེ་བ”བརྗོད་དོན་གཙོ་བོར་བྱས་པ་དང་། འཁྲབ་སྟོན་རྣམ་པ་མཉམ་སྒྲོག་རོལ་དབྱངས་གཙོ་བོར་བྱས་ནས་རོལ་དབྱངས་གྲོང་ཧའར་པིན་ལ་བསྟོད་པ་དང་བརྩེ་སེམས་ཁྱབ་པར་བྱས་ཏེ་ཀྲུང་ཕྱིའི་དཔེ་མཚོན་རོལ་དབྱངས་མང་པོ་བཀོད་སྒྲིག་བྱས་ཡོད་པ་རེད། ཐེངས་དེའི་འཁྲབ་སྟོན་ནང་བཀོད་འདོམས་པའི་འགན་འཁུར་མཁན་ནི་གྲགས་ཅན་རོལ་དབྱངས་བཀོད་འདོམས་པ་ཐང་མུའུ་ཧའེ་ཡིན་པ་དང་། ལོ་ངོ་བརྒྱ་ཕྲག་གི་ལོ་རྒྱུས་ལྡན་པའི་ཧའར་པིན་མཉམ་སྒྲོག་རོལ་དབྱངས་ཚོགས་པས་ཨུ་རུ་སུའི་ཁེ་ལ་སི་ནུའོ་ཡར་སི་ཁེ་ཁང་ནང་རོལ་ཚོགས་དང་། རྗེ་སི་རོལ་ཚོགས། དབྱི་སི་རལ་ཐེ་ལ་ཝུའེ་ཧྥུ་རོལ་དབྱངས་སློབ་གླིང་གི་བུ་མོའི་མཉམ་གཞས་ཚོགས་པ་སོགས་ཀྲུང་ཕྱིའི་གྲགས་ཅན་རོལ་ཚོགས་དང་མཉམ་དུ་འཁྲབ་སྟོན་བྱ་རྒྱུ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཧའར་པིན་དབྱར་ཁའི་རོལ་དབྱངས་འདུ་ཚོགས་དུས་ཡུན་ཟླ་ཕྱེད་འཚོག་རྒྱུ་ཡིན་ཞིང་། ཚེས་6ཉིན་འགོ་ཚུགས་པ་དང་། ཚེས་20ཉིན་མཇུག་འགྲིལ་རྒྱུ་རེད། རྒྱལ་ཁབ་དང་ས་ཁུལ་37གྱི་འཁྲབ་སྟོན་ཚོགས་པ་འདུ་ཚོགས་ནང་ཞུགས་རྒྱུར་གདན་དྲངས་ཡོད་པ་རེད། འདུ་ཚོགས་རིང་ལེ་ཚན་6གི་འཁྲབ་སྟོན་གཙོ་བོ་དང་བྱེད་སྒོ་48ཇུས་འགོད་བྱས་པ་དེ་དག་འགོ་འཛུགས་དང་མཇུག་འགྲིལ་མཛད་སྒོའི་འཁྲབ་སྟོན་གཉིས་དང་། རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་དཔྱད་བསྡུར་ཐེངས་3 གཞོན་ནུ་རོལ་དབྱངས་མཁས་ཅན་གྱི་བྱེད་སྒོའི་གཟའ་འཁོར། དམངས་ཕན་གོང་ཁེའི་དཔེ་དེབ་འགྲེམས་སྟོན། ཀྲུང་ཕྱིའི་གྲགས་ཅན་འཁྲབ་སྟོན་ཁག་18 མང་ཚོགས་ཀྱི་རིག་གནས་བྱེད་སྒོ་ཐེངས་ཆིག་སྟོང་ལྷག་ཙམ་བཅས་ལས་གྲུབ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།