འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སིར“ཉིང་རྡུལ་གློག་ཁང་གི་ལྟ་སྐོར་
    བ་ཁྲི་50པ”དེ་བསུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:44】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སིའི་སྐབས་བཞི་པའི“8·7ཉིན་གྱི་སྤྱི་དམངས་ལ་སྒོ་དབྱེའི་ཉམས་ལེན་ཉིན་མོའི”བྱེད་སྒོ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་གི་ཏ་ཡ་དབན་དང་། ཐའེ་ཧྲན། དབྱང་ཅང་། ཉིང་ཏེ། ཧུང་ཡན་ཆུ་བོ། ཧྥང་ཁྲེང་གྲུ་ཁ་སོགས་ཀྱི་ཉིང་རྡུལ་གློག་རྟེན་གཞིས་མཉམ་འབྲེལ་ཐོག་གཉེར་ཞིང་། བྱེད་སྒོའི་ཚོགས་ར་གཙོ་བོ་ཏ་ཡ་དབན་ཉིང་རྡུལ་གློག་རྟེན་གཞིར་བཀོད་སྒྲིག་བྱས་ཡོད་པ་རེད། ཁྲུང་ཆིང་སློབ་ཆེན་ནས་ཡིན་པའི་སློབ་ཐོག་ཞིབ་འཇུག་སློབ་མ་ཀྲང་ཡུང་ཁྲའོ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སིའི“ཉིང་རྡུལ་གློག་ཁང་གི་ལྟ་སྐོར་བ་ཨང་ཁྲི་50པར”གྱུར་ཡོད་པ་རེད།
         དུས་ཡུན་རིང་པོའི་ནང་། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སིས་ཡོངས་བསྒྲགས་འབྲེལ་གཏུགས་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་ཉིང་རྡུལ་གློག་ཁང་རྟེན་གཞིར་སྤྱི་དམངས་ལྟ་སྐོར་ཉམས་ལེན་བྱ་རྒྱུ་རང་འགུལ་ངང་གདན་དྲངས་ཏེ་ཉིང་རྡུལ་གློག་ཁང་གི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཚུལ་ངོ་མ་ཤེས་རྟོགས་བྱེད་དུ་བཅུག་ཡོད་པ་རེད། 2013ལོའི་ཟླ་8ཚེས་7ཉིན། ཀྲུང་གོ་ཀོང་ཏུང་ཉིང་རྡུལ་གློག་ཚོགས་པ་ཚད་ཡོད་ཀུང་སིས་ཏ་ཡའོ་དབན་ཉིང་རྡུལ་གློག་ཁང་1987ལོའི་ཟླ་8ཚེས་7ཉིན་སྐྲུན་འགོ་ཚུགས་པའི་དྲན་གསོའི་ཉིན་མོར་ཚོགས་པ་དེ་ཡོངས་ཀྱིས་གཅིག་གྱུར་གྱི“སྤྱི་དམངས་ཀྱི་སྒོ་དབྱེའི་ཉམས་ལེན་ཉིན་མོར”གཏན་འཁེལ་བྱས་པ་རེད། བྱེད་སྒོའི་ནང་ཞུགས་མཁན་སྤྱི་དམངས་དང་སྨྱན་སྦྱོར་ཚན་པའི་འཐུས་མིས་ཉིང་རྡུལ་གློག་ཁང་བཟོ་ཁང་ནང་འཛུལ་ནས་གང་འདྲ་ཡོད་མེད་བལྟས་པ་དང་། རྩལ་ནུས་ལྟེ་གནས་དང་། གསོ་སྦྱོང་ལྟེ་གནས་སུ་བསྐྱོད་ནས་བདེ་འཇགས་ཉམས་ལེན་བྱས་པ་མ་ཟད། ད་དུང་དེ་ཁུལ་གྱི་ཏ་ཡའོ་དབན་ཉིང་རྡུལ་གློག་ཁང་རྟེན་གཞིར་གནས་པའི་ཀྲུང་གོ་ཚན་རིག་ཁང་གི་རྡུལ་ཕྲན་འབྲིང་དམའི་ཚོད་ལྟ་ཁང་ལ་བཅར་འདྲི་བྱས་པ་རེད། དེ་དང་ཆབས་ཅིག་སྤྱི་དམངས་ཚོས་ཉིང་རྡུལ་གློག་དང་ཉིང་རྡུལ་གློག་ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་བྱེད་ཚུལ་ངོ་མ་ཤེས་རྟོགས་ཐུབ་པ་བྱས་ཏེ་སྤྱི་དམངས་ཚོས་ཡོངས་བསྒྲགས་འབྲེལ་གཏུགས་ཐུབ་པ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།