འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀན་ལྷོ་ཀྲོའུ་ཡིས་ཆ་འཕྲིན་ཚན་རྩལ་ལ་བརྟེན་ནས་ཞིང་འབྲོག་ཁུལ་གྱི་ཀུན་ཕན་དངུལ་རྩ་
    འཕེལ་རྒྱས་གཏོང་རོགས་བྱས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:49】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། དངུལ་རྩའི་སྐབས་བསྟུན་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་བའི་ལོ་ཤས་རིང་། ཀན་སུའུ་ཀན་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་དངུལ་རྩའི་སྒྲིག་གཞིས། དངུལ་རྩས་ཞིང་གསུམ་ལ་ཞབས་འདེགས་ཞུ་བའི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ཁར། ཆ་འཕྲིན་ཚན་རྩལ་ལ་བརྟེན་ནས་བོད་རིགས་ས་ཁུལ་གྱི་དངུལ་རྩའི་ཁོར་ཡུག་ལེགས་བཅོས་ཤུགས་ཆེན་བྱས་ནས་ཞིང་འབྲོག་ཁུལ་གྱི་ཀུན་ཕན་དངུལ་རྩ་སྐྲུན་རོགས་དང་འཕེལ་རྒྱས་གཏོང་རོགས་བྱས་པར། དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཡོད་པ་རེད།
         མི་དམངས་དངུལ་ཁང་ཀན་ལྷོ་ཀྲོའུ་ལྟེ་བའི་ཉིང་ལག་དངུལ་ཁང་གིས“ཡིད་རྟོན་གྱི་བོད་རིགས་ས་ཁུལ”གཏོད་ཕྱིར། ཞིང་འབྲོག་དུད་ཚང་གི་རིགས་ཁག་18ཀྱི་གཞི་རྩའི་གྲངས་གཞིའི་ཆ་འཕྲིན་ཁག་103ལ་ཁྱབ་པའི“ཀན་ལྷོ་ཀྲོའུ་ཞིང་འབྲོག་དུད་ཚང་གི་ཡིད་རྟོན་ཆ་འཕྲིན་མ་ལག”གསར་འཛུགས་བྱས་པ་རེད། ཞིང་ལས་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས་མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ལ་ཧུར་ཐག་གཞོལ་ནས། ཀྲོའུ་ཡོངས་ཀྱི་ཞིང་འབྲོག་ཁུལ་དུ“མཉམ་འདྲེས་བཞིའི”ལས་སྟེགས་ཁྱབ་སྤེལ་ཤུགས་ཆེན་བཏང་སྟེ“རྒྱུན་འཁོར་མཉམ་འདྲེས”དང་། “མ་དངུལ་མཉམ་འདྲེས” “བློ་རིག་མཉམ་འདྲེས” “ཉོ་ཚོང་མཉམ་འདྲེས”བཅས་དབུལ་སྐྱོར་འགག་སྒྲོལ་གྱི་དམ་འཛིན་བྱ་གཞི་གསར་པར་བཟུང་ནས། 2015ལོའི་ལོ་མཇུག་བར། ཀྲོའུ་ཡོངས་སུ་བསྡོམས“མཉམ་འདྲེས་བཞིའི”མཐའ་སྣེ་304བཀོད་སྒྲིག་བྱས་པ་དང་ཆབས་ཅིག 2016ལོའི་ལོ་མཇུག་ཏུ་ཀྲོའུ་ཡོངས་ཀྱི་རང་བྱུང་གྲོང་ཚོ་655ཚང་མར་ཁྱབ་རྒྱུའི་འཆར་གཞི་ཡོད་པ་རེད། དངུལ་ཁང་དེས་ད་དུང་ATMཡི་བོད་ཡིག་གཞོགས་འདེགས་མ་ལག་གསར་སྤེལ་བྱས་པ་དང་། གཞི་གཅིག་ཅན་གྱི་དངུལ་རྩའི་འཁོར་སྐྱོད་ཞབས་ཞུའི་རླངས་འཁོར་བཀོད་སྒྲིག་བྱས་ཏེ། རྒྱ་ཆེའི་ཞིང་འབྲོག་པ་རྣམས་གྲོང་ཚོ་ནས་ཕྱིར་སྐྱོད་མི་དགོས་པར་སྟབས་བདེ་བའི་དངུལ་རྩའི་ཞབས་ཞུ་ལོངས་སུ་སྤྱོད་རྒྱུ་ཡོང་བ་བྱས་པ་རེད། སྦྲག་སྲིད་དངུལ་ཁང་ཀན་ལྷོ་ཡན་ལག་དངུལ་ཁང་གིས་ཞིང་སྐྱོར་ཞབས་ཞུའི་ས་ཚིགས་བཙུགས་པ་བརྒྱུད། གྲོང་གསེབ་ཀྱི་དངུལ་འགྲུལ་གཏོང་ལེན་དྲ་ཚིགས་འཛུགས་སྐྲུན་དང་འཐུས་སྒོ་ཚང་དུ་བཏང་ནས། ཞིང་འབྲོག་ཁུལ་གྱི་དངུལ་རྩའི་ཞབས་ཞུའི་ནུས་པ་ཆེ་རུ་བཏང་ཁར། 2015ལོའི་ལོ་མཇུག་ཏུ་ཀྲོའུ་ཡོངས་སུ་ཞིང་སྐྱོར་ཞབས་ཞུའི་ས་ཚིགས་ཁག་19གསར་དུ་བསྣན་ཏེ། གྲོང་གསེབ་ཀྱི་དངུལ་འགྲུལ་གཏོང་ལེན་དྲ་ཚིགས་ཁག་38འཐུས་སྒོ་ཚང་དུ་བཏང་བ་རེད། ཀན་ལྷོ་ཀྲོའུ་ཁོངས་གཏོགས་ཁུལ་གྱི་གྲོང་གསེབ་ཡིད་རྟོན་མཉམ་ལས་ཁང་གིས་ཀྲོའུ་ཡོངས་ཀྱི་དངུལ་རྩའི་ཞབས་ཞུ་མེད་པའི་ཤང་གྲོང་དང་གྲོང་ཚོ་དབུལ་པོར་དངུལ་རྩའི་ཡོ་བྱད་བཀོད་སྒྲིག་བྱས་ནས། དངུལ་རྩའི་ཞབས་ཞུའི་ཁྱབ་ཚད་དང་གཏིང་ཚད་མཐོ་རུ་བཏང་བ་དང་འབྲེལ། གྲོང་གསེབ་དྲ་ཚིགས་ཀྱི་ཆ་འཕྲིན་ཚན་རྩལ་པ་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།