འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ནུས་ཤུགས་ཡོད་རྒུ་འདོན་མཁན་ཚང་མར་དགའ་བསུ་ཐོབ་འོས་པ་ཞིག་རེད།

    ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཅིའུ་ལུང་།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་09ཉིན། 09:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         པེ་ཅིང་གི་དུས་ཚོད་ཚེས་7ཉིན་གྱི་སྔ་དྲོ། ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་དང་པོ་མཇུག་འགྲིལ་བ་དང་། ཀྲུང་གོའི་འཐུས་མི་ཚོགས་པར་དངུལ་གྱི་རྟགས་མ་2དང་ཟངས་ཀྱི་རྟགས་མ་3ཐོབ་པ་རེད། དེ་ཐོག་ནས་ཀྲུང་གོའི་འཐུས་མི་ཚོགས་པས་ལི་གཡོད་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་ཉིན་དང་པོར་གསེར་ཀྱི་རྟགས་མ་ཐོབ་མེད་པ་མཚོན་ཐུབ། ཀྲུང་གོའི་ཨོ་རྩལ་གྱི་འཐུས་མི་ཚོགས་པའི་ཉིན་དང་པོའི་སྦྱངས་འབྲས་ཐད་སྤྱི་ཚོགས་གླེང་ཕྱོགས་ཀྱིས་བློ་རྒྱ་ཡངས་པོས་བསམ་ཤེས་དང་རྒྱབ་སྐྱོར་བྱེད་པ་དང་དྲ་གྲོགས་ཚོས་ཀྱང་ལུས་རྩལ་པ་ཚོར་འབད་བརྩོན་གྱིས་ཤིག་ཅེས་རང་ཉིད་ཀྱི་དྲན་འཆར་བཀོད་ནས་སྐུལ་མ་གཏོང་གི་ཡོད་པ་སྟེ། “གསེར་གྱི་རྟགས་མ་ལེན་ཐུབ་ན་གཏམ་བཟང་རེད། ཡིན་ནའི་དངུལ་གྱི་རྟགས་མ་ལེན་ཐུབ་པ་ནི་ངོ་ཚ་དགོས་པ་ཞིག་མ་རེད། ཨོ་རྩལ་གྱི་སྙིང་སྟོབས་དེ་མི་དེ་བས་མང་བས་ལུས་རྩལ་ལ་དགའ་ཞེན་དང་འཚོ་བར་དགའ་ཞེན་བྱ་རྒྱུ་དེ་མ་རེད་དམ”ཞེས་པ་དང་། “གསེར་གྱི་རྟགས་མ་ཐོབ་ན་དགའ་འོས་པ་ཞིག་རེད། ཡིན་ཡང་གསེར་གྱི་རྟགས་མ་ལེན་རྒྱུ་ལས་རླབས་ཆེ་བ་ཞིག་ནི་དཀའ་སྤྱད་སྙིང་རུས་དང་འབད་འཐབ་ལྷོད་མེད་ཀྱི་སྙིང་སྟོབས་དེ་རེད”ཅེས་པ། “རྩལ་འགྲན་བྱ་རྒྱུ་དེ་ནི་སྙིང་རྗེ་མེད་པ་ཞིག་ཡིན་རུང་ནུས་ཤུགས་ཡོད་རྒུ་འདོན་མཁན་ཚང་མར་དགའ་བསུ་ཐོབ་འོས་པ་ཞིག་རེད”ཅེས་པ་སོགས་རེད།
         རང་རྒྱལ་ནི་སྔ་ས་ནས་མིང་དོན་མཚུངས་པའི་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་ཞིག་ཡིན་ཞིང་། ཀྲུང་གོའི་ཨོ་རྩལ་འཐུས་མི་ཚོགས་པ་ཡིན་ནའང་འདྲ། ཡང་ན་དམངས་ཚོགས་དཀྱུས་མ་སུ་འདྲ་ཞིག་ཡིན་རུང་ལུས་རྩལ་གྱི་རིན་ཐང་ལྟ་བར་རིམ་བཞིན་འགྱུར་ལྡོག་འགྲོ་བཞིན་ཡོད། མི་རྣམས་ཀྱིས“གསེར་གྱི་རྟགས་མ་ཁོ་ནར་བརྩི་བའི”དུས་རབས་འདས་ཟིན་པ་རིམ་བཞིན་ཚོར་གྱི་ཡོད།
         ལུས་རྩལ་ནི་བླ་ན་མེད་པའི་བྱ་གཞག་ཅིག་རེད། “དེང་གི་ཨོ་རྩལ་གྱི་མེས་པོ”ཀུའུ་པའེ་ཏན་གྱིས“ཨོ་རྩལ་འགྲན་ཚོགས་ནང་རྒྱལ་ཁ་ལེན་རྒྱུ་ནི་གལ་ཆེ་ཤོས་མིན་པར་ཞུགས་རྒྱུ་དེ་རེད། འཚོ་བའི་ནང་དུའང་ལམ་ལྷོངས་ཡོང་རྒྱུ་གལ་འགངས་ཆེ་ཤོས་མིན་པར་འབད་འཐབ་བྱ་རྒྱུ་དེ་ཡིན། ཆེས་རྩ་བའི་བྱ་བ་དེ་དབང་དུ་བསྡུ་རྒྱུ་མིན་པར་འབད་འབུངས་ཧུར་ལེན་བྱ་རྒྱུ་དེ་རང་ཡིན”ཞེས་གསུངས་པ་ལྟར་རེད། ད་ཆ་ཀྲུང་གོའི་ལུས་རྩལ་ལ་འགྱུར་ལྡོག་འགྲོ་བཞིན་ཡོད། འཚོ་བ་དང་ལུས་རྩལ་ལ་དགའ་ཞེན་དང་ཨོ་རྩལ་དང་ལུས་རྩལ་གྱི་དང་ཐོག་མའི་སྤྲོ་སེམས་དང་དགའ་སྣང་ལོངས་སུ་སྤྱོད་རྒྱུ་དེ་ནི་ལུས་རྩལ་རྒྱལ་ཁབ་སྟོབས་ཆེན་བསྐྲུན་པའི་བརྗོད་དོན་ཀྱང་དེ་རང་ཡིན་པས། ང་ཚོས་ནུས་ཤུགས་ཡོད་རྒུ་འདོན་མཁན་ཚོར་དགའ་བསུ་ཞུ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།