འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ལས་པུས་སྒོར་དུང་ཕྱུར་15བཏང་ནས་ལྗང་མདོག་ཐོན་མཐོ་ཐོན་འཕར་གཏོད་
    རྒྱུར་རྒྱབ་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 15:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཞིང་ལས་པུས་ཉིན་ཤས་གོང་འཚོགས་པའི་ལྗང་མདོག་ཐོན་མཐོ་ཐོན་འཕར་གཏོད་རྒྱུའི་སྐུལ་འདེད་དོན་འཁྱོལ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། འདི་ལོ་རང་རྒྱལ་གྱིས་མ་དངུལ་སྒོར་དུང་ཕྱུར་15བཏང་ནས་ལྗང་མདོག་ཐོན་མཐོ་ཐོན་འཕར་གཏོང་རྒྱུའི་ལས་དོན་ལ་རྒྱབ་སྐྱོར་བྱས་ནས་འདེབས་འཛུགས་ལས་རིགས་ཀྱི་སྤུས་མཐོ་ཕན་འཕར་དང་ཕྱོགས་སྒྱུར་རིམ་སྤོར་ལ་སྣེ་ཁྲིད་བྱ་རྒྱུ་ཡིན་པ་རེད།
         ཞིང་ལས་པུའི་འདེབས་འཛུགས་ལས་རིགས་སིའི་སི་ཀྲང་ཙེང་ཡན་ཏེ་ཡིས་ལྗང་མདོག་ཐོན་མཐོ་ཐོན་འཕར་གཏོད་རྒྱུའི་ཐད་ཐོན་མཐོ་ཡོང་རྒྱུར་དོན་གཉེར་བྱེད་དགོས་པ་མ་ཟད། ད་དུང་ཕན་འབྲས་ལ་དོན་གཉེར་བྱེད་དགོས་ལ། ལྗང་མདོག་དེ་བས་མངོན་པ་བྱེད་དགོས། བསམ་ཕྱོགས་གསར་གཏོད་བྱས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་འདུ་ཤེས་དེ་འབྲུ་དང་། སྲིང་བལ། སྣུམ། མངར་ཆ་བཅས་ཀྱི་ཐོན་སྐྱེད་བརྒྱུད་རིམ་ཁྲོད་ཁྱབ་པ་བྱེད་དགོས་པ་དང་རྫོང་ཚན་པར་བྱས་ནས་སྐུལ་འདེད་གཏོང་བ་དང་། ཁོངས་གཏོགས་རང་བཞིན་གྱི་ལྗང་མདོག་ཐོན་མཐོ་ཐོན་འཕར་ལ་ཁྱབ་འགྱེད་དང་སྣེ་ཁྲིད་ཐུབ་པ་བྱེད་དགོས། བྱེད་ཐབས་གསར་གཏོད་བྱས་ཏེ་ལྗང་མདོག་ཐོན་འཕར་གྱི་བྱེད་ཐབས་འགག་སྒྲོལ་གྱི་ལས་དོན་སྤེལ་ནས་འབྲུ་རིགས་ཐོན་སྐྱེད་ལ་ཚོད་འཛིན་བཟོ་མཁན་གྱི་ཐོན་ཁུངས་ཀྱི་འཇུར་མིག་དང་། ལག་རྩལ་གྱི་འཇུར་མིག ཕན་འབྲས་ཀྱི་འཇུར་མིག་བཅས་མེད་པ་བཟོ་དགོས་ཞེས་གསུངས་པ་རེད།
         ཞིང་ལས་པུས་ལྗང་མདོག་ཐོན་མཐོ་ཐོན་འཕར་གཏོད་པའི་ཐད་གཉེར་སྐྱོང་བྱེད་ཐབས་དང་། ཞབས་ཞུ་བྱེད་ཐབས། རྩ་འཛུགས་ཀྱི་བྱེད་ཐབས་བཅས་གསར་གཏོད་བྱ་རྒྱུར་སྣང་ཆེན་བྱེད་དགོས་པ་དང་། “ཁྲིད་སྟོན་གསུམ”ལ་དམིགས་ནས་གསར་གཏོད་ཀྱི་སྣེ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས་ལུགས་བཏོན་པ་སྟེ། གཅིག་ནས་ཚད་ལྡན་ཅན་དུ་འགྱུར་རྒྱུར་སྣེ་ཁྲིད་བྱེད་དགོས་པ། ཞིང་ནང་སྒྲིག་བཀོད་དང་། འདེབས་འཛུགས་ལག་རྩལ། དོ་དམ་ཞབས་ཞུ་བཅས་ཚད་ལྡན་ཡོང་བ་བྱས་ནས་ལེགས་ཆ་འབུར་དུ་ཐོན་པ་དང་ཁྱད་ཆོས་མངོན་གསལ་དོད་པའི་ལྗང་མདོག་ཐོན་མཐོ་ཐོན་འཕར་གྱི་དཔེ་སྟོན་རྫོང་ཁག་གཅིག་གཏོད་དགོས་པ་དང་། གཉིས་ནས་ལག་རྩལ་གཅིག་སྡུད་བྱ་རྒྱུར་སྣེ་ཁྲིད་བྱེད་དགོས་པ། རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་མཉམ་དུ་འགག་སྒྲོལ་བྱས་ནས་ནུས་ཤུགས་ཡོད་རྒུས་རྣམ་གྲངས་རྐྱང་པའི་ལག་རྩལ་ཚད་བརྒལ་ཐུབ་པ་དང་། ལག་རྩལ་བསྡུ་སྒྲིལ་ཐད་གསར་གཏོད་ལྡན་པ་བྱས་ནས་ཐོན་མཐོ་ཐོན་འཕར་གཅིག་གྱུར་དང་ཐོན་སྐྱེད་སྣོད་བཅུད་དོ་སྙོམས་ཡོང་བ་བྱེད་དགོས་པ། གསུམ་ནས་ཞབས་ཞུའི་བྱེད་ཐབས་ལ་ཁྲིད་སྟོན་བྱེད་དགོས་པ། ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པའི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཆེད་ལས་ཅན་གྱི་ཞབས་ཞུའི་རྩ་འཛུགས་སྟོབས་ཆེར་གཏོང་རྒྱུར་རྒྱབ་སྐྱོར་དང་ཐོན་སྐྱེད་ཀྱི་སྒྲིག་འཛུགས་ནུས་པ་དང་ལེགས་བསྡུས་ཞིབ་གཉེར་གྱི་ཆུ་ཚད་མཐོ་རུ་གཏོང་དགོས་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།