འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཡུལ་སྐོར་གྱི་ཀྲུང་དབྱང་ཁེ་ལས་ཆེ་ཤོས་སྒོ་བྱང་བཀལ་ནས་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོ་ཤང་ཀང་ཡུལ་སྐོར་ཚོགས་པ་ཀུང་སི་དང་ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་ཚེས་3ཉིན་བསྐྱར་སྒྲིག་ཚོགས་ཆེན་འཚོགས་ཏེ་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སི་སྒོ་བྱང་བཀལ་ནས་བཙུགས་ཤིང་། བསྐྱར་སྒྲིག་བྱས་རྗེས་ཀྱི་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སི་འདི་ཉིད་ཐོན་ལས་ཀྱི་འབྲེལ་ཐག་དེ་བས་ཆ་ཚང་བ་དང་ལས་སྒོའི་མཐུན་སྦྱོར་ལེགས་ཆ་དེ་བས་མངོན་གསལ་དོད་པའི་ཀྲུང་གོའི་ཡུལ་སྐོར་གྱི་ཀྲུང་དབྱང་ཁེ་ལས་ཆེ་ཤོས་སུ་འགྱུར་རྒྱུ་ཡིན་པ་རེད།
         “ཀྲུང་གོ་ཤང་ཀང་ཡུལ་སྐོར་ཚོགས་པ་ཀུང་སིའི་ལེགས་ཆ་ལྡན་པའི་ལས་སྒོ་དེ‘ཟས་སྡོད་འགྲོ་གསུམ’ཐོག་གཅིག་འདུས་བྱས་པ་དང་ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིའི་ལེགས་ཆ་ལྡན་པའི་ལས་སྒོ་ནི‘ཉོ་སྒྲུབ’ཡིན་པ་རེད། ཀྲུང་གོ་ཤང་ཀང་ཡུལ་སྐོར་ཚོགས་པ་ཀུང་སིའི་སྤྱི་ཁྱབ་ཅིང་ལིའི་ལས་རོགས་ཀྲེང་ཅང་གིས་ཀུང་སི་གཉིས་པོའི་ལས་སྒོ་སྡེབ་འདྲེས་བྱེད་ཚད་མཐོ་པོ་མེད་པ་དང་ཁ་གསབ་རང་བཞིན་ཆེ་བས་བསྐྱར་སྒྲིག་བྱས་རྗེས་ཀྱི་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སིའི་རིན་ཐང་གི་འབྲེལ་ཐག་སྔར་བས་ཆེ་རུ་འགྲོ་རྒྱུ་དང་བསྐྱར་སྒྲིག་བྱ་རྒྱུ་ནི་ཀྲུང་གོའི་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་འགྲོ་རྒྱུར་ཁྲིད་སྟོན་བྱེད་པའི་དགོས་མཁོ་ཞིག་རེད”ཅེས་བཤད།
         ཀུང་སི་གསར་པའི་སྒོ་བྱང་བཀལ་རྗེས་ལས་སྒོ་དང་། འཇོན་ཐང་ཅན། ཀུང་སིའི་སྒྲོམ་གཞི་སོགས་ཐད་ཀྱི་ཞིབ་ཕྲའི་བསྐྱར་སྒྲིག་ཇུས་གཞི་ད་དུང་གཏན་འཁེལ་མེད། མིག་སྔར་བསྐྱར་སྒྲིག་ཁ་ཕྱོགས་ཙམ་གཏན་འཁེལ་བྱས་པ་དང་སྔོན་དཔག་བྱས་ན་ཡུལ་སྐོར་གྱི་ལས་སྒོ་གཙོ་བོ་ལོ་ཕྱེད་ནས་ལོ་གཅིག་ནང་ཚུན་དུ་བསྐྱར་སྒྲིག་ཇུས་འགོད་ལེགས་གྲུབ་ཐུབ་རྒྱུ་དང་ཡུལ་སྐོར་གྱི་ལས་སྒོ་གཙོ་བོ་ཕུད་པའི་ལས་སྒོ་བསྐྱར་སྒྲིག་བྱ་རྒྱུ་དེ་དག་ལོ་གསུམ་ནས་ལྔའི་ནང་ཚུན་དུ་ལེགས་གྲུབ་ཐུབ་རྒྱུ་རེད་ཅེས་ཀྲེང་ཅང་གིས་བཤད།
         མིག་སྔར་ཀྲུང་གོ་ཤང་ཀང་ཡུལ་སྐོར་ཚོགས་པ་ཀུང་སིས་ཀྲུང་གོར་ཡུལ་སྐོར་ཁྲོམ་ར་བཟུང་ཚད་2%ཙམ་ཟིན་པ་དང་ཀྲུང་གོ་རྒྱལ་ཁབ་ཡུལ་སྐོར་ཚོགས་པ་ཚད་ཡོད་ཀུང་སིས་བཟུང་ཚད་དེ་དང་འདྲ་མཚུངས་ཡིན་ཞིང་། “བསྐྱར་སྒྲིག་བྱས་རྗེས་ཀྱི་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སིའི་ཞན་ཆ་སྔར་བཞིན་ཕྱི་རྒྱལ་དུ་རྒྱ་སྐྱེད་བྱ་རྒྱུར་གནས་ཡོད། ཀྲུང་གོ་ཤང་ཀང་ཡུལ་སྐོར་ཚོགས་པ་ཀུང་སིས་དེ་སྔ་ནས་ཁྲོམ་ར་ཕྱི་རྒྱལ་དུ་རྒྱ་སྐྱེད་བཏང་མོད། འོན་ཀྱང་རྒྱལ་སྤྱི་ཅན་གྱི་འཇོན་ཐང་ཅན་དང་རྒྱལ་སྤྱི་ཅན་གྱི་གཉེར་སྐྱོང་སོགས་ཐད་ད་དུང་ཡུན་རིང་འབད་འཐབ་བྱེད་དགོས་ཀྱི་ཡོད”ཅེས་ཀྲེང་ཅང་གིས་བཤད།
         ཁོང་གིས་ཀྲུང་གོ་ཡུལ་སྐོར་ཚོགས་པ་ཀུང་སིས་ཡུལ་སྐོར་གྱི་ལས་སྒོ་གཙོ་བོ“ཀྲུང་གོའི་ཨང་དང་པོ་དང་། ཨེ་ཤེ་ཡའི་མདུན་གྲལ། འཛམ་གླིང་གི་ཡག་ཤོས”བཅས་སུ་སླེབས་པའི་འཐབ་ཇུས་དམིགས་ཚད་མངོན་འགྱུར་ཧུར་ཐག་བྱ་རྒྱུ་དང་འབྱུང་འགྱུར་ལོ་2ནང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་ཆིག་སྟོང་ཟིན་ཐུབ་པ་དང་འབྱུང་འགྱུར་ལོ་5ནང་ཕྱིར་ཚོང་ཡོང་འབབ་སྒོར་དུང་ཕྱུར་1800ཙམ་ཟིན་པ་བྱས་ཏེ་འཛམ་གླིང་གི“ཁེ་ལས་སྟོབས་ཆེན་500”ཡི་མིང་ཐོའི་ནང་ཞུགས་ཐུབ་པ་བྱ་རྒྱུ་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།