འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་ཀྱི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས“སྔོ་ཞིང་དྭངས་བའི་རི་ཆུ་ཀླུང་གསུམ་ནི་གསེར་རི་དངུལ་རི་ལས་ལྷག”ཅེས་བརྗོད་བྱ་གཙོ་བོ་བྱས་པའི་སྐབས་དང་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་གླེང་སྟེགས་དང་2016ལོའི་ཟི་ལིང་གྲོང་ཁྱེར་འཕེལ་རྒྱས་ཀྱི་མ་འཇོག་ངོ་འཕྲད་གྲོས་མོལ་ཚོགས་འདུ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་ཡོད་པ་རེད། རྒྱལ་ཁབ་ཕྱི་ནང་ནས་ཡོང་བའི་རིགས་གཅིག་མཁས་ཅན་དང་། མཁས་དབང་། ཁེ་ལས་མཁས་ཅན། མཛའ་གྲོགས་གྲོང་ཁྱེར་གྱི་འཐུས་མི་བཅས་500ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
         ཤེས་རྟོགས་བྱས་པར་གཞིགས་ན། སྐབས་འདིའི་གྲོང་ཁྱེར་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཟི་ལིང་གིས་ཚོང་འགུགས་ཐབས་ལམ་གསར་གཏོད་དང་ཐོན་ལས་ཚོགས་སྤྱིར་དམིགས་ཏེ། ལི་གློག་དང་། སྐྱེ་དངོས་སྨན་རྫས། རླུང་གློག་སྒྲིག་ཆས་བཟོ་སྐྲུན། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་ཆེ་གྲས་བརྒྱད་ལ་ཐོན་ལས་ཚོགས་སྤྱི་རྣམ་པའི་ཚོང་འགུགས་ཐབས་ལམ་སྤྱད་དེ་ཁྱོན་རྣམ་གྲངས་86དང་དངུལ་གྲངས་སྒོར་དུང་ཕྱུར་384ཡི་གན་རྒྱ་བཞག་ཡོད་པ་རེད། གཞན་ཡང་གྲོང་ཁྱེར་ངོ་འཕྲད་གྲོས་མོལ་ཚོགས་འདུ་འཚོག་པའི་བརྒྱུད་རིམ་ནང་། ད་དུང་སྐབས་དང་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་གླེང་སྟེགས་དང་། སྐྱེ་དངོས་སྨན་རྫས། ལྗང་མདོག་ཐོན་ལས་རྒྱལ་སྤྱི་ཅན་གྱི་འཕེལ་རྒྱས་གླེང་སྟེགས་སོགས་ཀྱི་ཆེད་དོན་གླེང་སྟེགས་6གཉེར་རྒྱུ་ཡིན་པ་རེད།
         དཔལ་འབྱོར་ཚོང་དོན་གྱི་བྱེད་སྒོ་དང་། འགྲེམས་སྟོན། སྣ་མང་ཕུན་སུམ་ཚོགས་པའི་མང་ཚོགས་ཀྱི་རིག་གནས་བྱེད་སྒོ་བཅས་རབ་དང་རིམ་པ་སྤེལ་བ་བརྒྱུད། ཟི་ལིང་གི་ཐོན་ལས་ཕྱོགས་སྒྱུར་དང་གྲོང་ཁྱེར་ཕྱོགས་སྒྱུར་གྱི་འཕེལ་རྒྱས་ཀྱི་གྲུབ་འབྲས་གསར་པ་གཅིག་སྡུད་ཐོག་མངོན་པར་བྱ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།