འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རིགས་དགེ་འདུན་པ་ཞིག་གིས་མཚོ་སྐོར་འགྲན་བསྡུར་ནི་དམིགས་བསལ་གྱི་སྒོམ་རྒྱག་པ་
    ཞིག་ཡིན་པའི་ངོས་འཛིན་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དགེ་འདུན་པ་འོད་བྷོས་དམར་སྨུག་གི་གྲྭ་ཆས་གྱོན་ནས་འགྲན་བསྡུར་ལྟ་སྐོར་མི་ཚོགས་ཁྲོད་རྐང་འཁོར་གཏོང་མཁན་མིག་མདུན་ནས་བསྐྱོད་རྒྱུ་སྒུག་བཞིན་ཡོད། ཁོང་གིས་ལག་གཅིག་ལ་དར་ཆ་དམར་པོ་འཁྱེར་བ་དང་ལག་གཞན་ཞིག་ལ་ཕྲེང་བ་འཁྱེར་ནས་ཡང་ཡང་སྐོར།
         ལོ་48ལ་སླེབས་པའི་འོད་བྷོ་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་གྲུབ་ཆེན་དགོན་ནས་ཡིན་ཞིང་། ཚེས་21ཉིན་ཁོང་གིས་གྲོགས་པོ་ཞིག་ལ་འཚམས་འདྲི་བྱེད་པར་བསྐྱོད་པའི་གོ་སྐབས་དང་བསྟུན་ནས་མཚོ་སྐོར་འགྲན་བསྡུར་ལྟ་བར་བསྐྱོད། ཉིན་དེར་མཚོ་སྔོན་པོའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་འགྲན་བསྡུར་སྐབས་15པའི་འགྲན་དུམ་5པའི་འགྲན་བསྡུར་བྱ་ཡུལ་དུ་ཆར་སིམ་བབས་ནའང་ཁོང་ཚོའི་ལྟ་སྐོར་གྱི་སྤྲོ་སེམས་གཏན་ནས་ཉམ་མེད།
         ཉིན་དེའི་དྲོད་ཚད་ཧྲེ་ཧྲི་ཏུའུ་10ཙམ་ཟིན་པ་དང་རྐང་འཁོར་གཏོང་མཁན་ཚོ་རླུང་བུ་ལྡང་ཕྱོགས་ལས་ལྡོག་ཏེ་མདུན་སྐྱོད་བྱེད་དགོས་ཀྱི་ཡོད། “ང་ཚོ་དགེ་འདུན་པ་སྒོམ་རྒྱག་པའི་བརྒྱུད་རིམ་དཀའ་ཚེགས་ཆེན་པོ་ཡོད། ལུས་རྩལ་པ་དེ་དག་གིས་ཆར་རླུང་ལ་མི་འཛེམས་པར་སྙིང་རུས་ཆེན་པོས་རྐང་འཁོར་ལམ་ཐག་རིང་པོ་དེ་འདྲ་གཏོང་བ་དེའང་དམིགས་བསལ་གྱི་སྒོམ་རྒྱག་པ་དང་ཁྱད་མེད”ཅེས་འོད་བྷོས་བཤད།
         མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་2012ལོར་མཚོ་སྔོན་གྱིས“དགོན་སྡེར་ལུས་རྩལ་ལུས་སྦྱོང་དར་སྤེལ་གཏོང་བའི”བྱེད་སྒོ་དངོས་སུ་སྤེལ་བ་ནས་བཟུང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་སོགས་ཚན་པའི་རྒྱབ་སྐྱོར་འོག མ་དངུལ་སྒོར་ཁྲི་1322གྲབས་གསོག་བྱས་ཏེ་སྔ་རྗེས་སུ་ཁག་བཞི་རུ་བགོས་ནས་མཚོ་སྔོན་ཞིང་ཆེན་གྱི་རྒྱུན་སྡོད་གྲྭ་བཙུན་ཡོད་པའི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་དགོན་སྡེ་619དང་དབྱི་སི་ལམ་ཕྱག་ཁང་10རུ་ལུས་རྩལ་ལུས་སྦྱོང་གི་སྒྲིག་ཆས་ཞལ་འདེབས་བརྒྱབ་ཡོད། མིག་སྔར་ལས་དོན་དེ་མཚོ་སྔོན་ཞིང་ཨུད་ཀྱིས་དགོན་སྡེའི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་ཞུའི་འདུ་འགོད་ནང་བཅུག་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
      

    ཕྱོགས་བསྡུས་གསར་འགྱུར།