འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་རྩེ་རྫོང་དུ་ཆུ་རགས་ཀྱི་རགས་ཁ་སྨི་100ལྷག་ཙམ་ཤོར་ཡང་མི་སྣ་ཤི་
    རྨས་བྱུང་མེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་8ཚེས་2ཉིན་དྲག་ཆར་བསྟུད་མར་བབས་པའི་རྐྱེན་གྱིས། བོད་ལྗོངས་གཞིས་རྩེ་ས་ཁུལ་རྒྱུད་ཀྱི་ཡར་ཀླུང་གཙང་པོའི་ཆུ་ཁ་རྒྱས་ནས་ལྷ་རྩེའི་མངའ་ཁོངས་ཀྱི་བཀྲ་ཤིས་རབ་སྙན་ཆུ་རགས་ཀྱི་རགས་ཁ་སྨི་100ལྷག་ཙམ་ཤོར་བའི་གནས་ཚུལ་ཐོན་ནས་ཉེ་འགྲམ་གྱི་གྲོང་ཚོ་གསུམ་ལ་གནོད་འཚེ་ཕོག་པ་མ་ཟད། ས་ཞིང་དང་ནགས་ས་མུའུ་1600ལྷག་ཙམ་ཡང་ཆུས་བསྣུབས་ཡོད། སྟབས་ལེགས་པ་ཞིག་ལ་མི་སྣ་ཤི་རྨས་བྱུང་མེད་པ་རེད།
         གནས་ཚུལ་ཤེས་མ་ཐག་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་གཙོ་བོ་དང་དེ་བཞིན་གཞིས་རྩེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འཕྲལ་མར་བཀོད་སྒྲིག་བྱས་ཏེ་ཉེ་འགྲམ་དུ་དམག་སྦྱོང་བྱེད་བཞིན་པའི་དྲག་ཆས་ཉེན་རྟོག་ཆུ་གློག་ཉིང་ལག་རུ་ཁག་དགུ་པའི་དཔོན་དམག་ཆུ་ལོག་ཐོན་སར་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྒྲུབ་པར་བསྐྱོད་དགོས་པའི་བླང་བྱ་བཏོན་ཡོད། དྲག་ཆས་ཉེན་རྟོག་ཆུ་གློག་ཉིང་ལག་རུ་ཁག་དགུ་པས་འཕྲལ་མར་འཕྲལ་སྒྲུབ་བརྡ་ལན་སྒྲིག་སྲོལ་ལག་བསྟར་བྱས་ནས། གནོད་འཚེའི་གནས་ཚུལ་བརྟག་དཔྱད་ཚོགས་ཆུང་ཚེས་2ཀྱི་དགོང་མོའི་ཆུ་ཚོད་བརྒྱད་དང་ཕྱེད་ཀའི་ཐོག་རགས་ཁ་ཤོར་སར་འབྱོར་བ་བྱས་ཐོག་གནོད་འཚེའི་གནས་ཚུལ་ལ་བརྟག་དཔྱད་བྱས་པ་དང་། ཆེད་ལས་ཀྱི་རོགས་སྐྱོབ་སྒྲིག་ཆས་30ལྷག་ཙམ་ཡང་དུས་མཉམ་དུ་གནོད་འཚེ་ཐོན་ཡུལ་དུ་ལས་སྒྲུབ་བྱེད་པར་མངགས། ཉེན་སེལ་དཔོན་དམག་ཚོས་ཉིན་མཚན་བསྟུད་མར་ལམ་བུ་གཤོང་བ་དང་། ཆུ་རགས་བརྟན་དུ་གཏོང་བ། རགས་ཁ་ཤོར་ས་འགོག་པ་བཅས་ཀྱི་ལས་དོན་བསྒྲུབས་པ་རེད།
         བརྟག་དཔྱད་བྱས་པ་བརྒྱུད། རགས་ཁ་ཤོར་བའི་རྐྱེན་གྱིས་ལྷ་རྩེ་རྫོང་བཀྲ་ཤིས་སྒང་ཤང་གི་མདོ་སྨོན་གྲོང་ཚོ་དང་། རྗེ་རོང་གྲོང་ཚོ། སྙིང་རི་གྲོང་ཚོ་བཅས་གསུམ་ལ་ཚད་གཞི་མི་འདྲ་བའི་གནོད་འཚེ་ཕོག་ཡོད། མིག་སྔར་ཉེ་འགྲམ་གྲོང་ཚོའི་མི་སྣ་ཚང་མ་སྤོས་ཟིན་པ་མ་ཟད། བཀོད་སྒྲིག་འོས་འཚམ་བྱུང་བ་དང་མི་སྣ་ཤི་རྨས་བྱུང་མེད། ད་ཆ་ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་སྤེལ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།