འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་དཀར་རི་བོ་སྐོར་བའི་སྤྱི་ལེ་བརྒྱའི་རྒྱལ་སྤྱིའི་ལ་འཛེག་ལུས་རྩལ་འགྲན་སློང་འགྲན་
    བསྡུར་སི་ཁྲོན་དཀར་མཛེས་སུ་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དུས་ཡུན་ཉིན་གསུམ་གྱི་2016ལོའི་ཀྲུང་གོ·དཀར་མཛེས་ཀྱི་གངས་དཀར་རི་བོ་སྐོར་བའི་སྤྱི་ལེ་བརྒྱའི་རྒྱལ་སྤྱིའི་ལ་འཛེག་ལུས་རྩལ་འགྲན་སློང་འགྲན་བསྡུར་ཟླ་8ཚེས་26ཉིན་སི་ཁྲོན་དཀར་མཛེས་སུ་བྱ་རྒྱུ་ཡིན་ཞིང་། ས་བབ་མཐོ་ཤོས་དང་ལམ་ཐིག་རྙོག་འཛིང་ཆེ་ཤོས་ཀྱི་ཀྲུང་གོའི་སྤྱི་ལེ་བརྒྱའི་ལ་འཛེག་ལུས་རྩལ་འགྲན་བསྡུར་དེས་གོ་ལ་ཧྲིལ་པོའི་རི་འཛེག་མཁས་ཅན་200ཙམ་གྱིས་ལ་འཛེག་མཐོ་ཚད་ཁྱོན་བསྡོམས་སྨི་6000ལ་འགྲན་སློང་བྱ་རྒྱུའི་ཡིད་དབང་བཀུག་ཡོད།
         ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་འགྲན་བསྡུར་འདི་སྤྱི་ལེ་100དང་སྤྱི་ལེ་50ཚོགས་ཆུང་གཉིས་སུ་དབྱེ་ཡོད། སྤྱི་ལེ་བརྒྱའི་ལམ་ཐིག་གི་འགོ་འཛུགས་ས་དར་མདོའི་གྲོང་ཁུལ་རྙིང་པའི་མཛའ་གཞས་ཐང་ཆེན་ཡིན་པ་དང་མཇུག་བསྡུ་ས་དུང་དཀར་ལུང་གི་སྒར་ས་གསུམ་པ་ཡིན་ཞིང་། ལམ་ཐིག་འདིའི་སྤྱིའི་རིང་ཚད་སྤྱི་ལེ་102ཟིན་པ་དང་། ས་བབ་མཐོ་ཤོས་སྨི་4000ཟིན་པ། ས་བབ་དམའ་ཤོས་སྨི་1430ཟིན་གྱི་ཡོད། ད་ཐེངས་ཀྱི་འགྲན་བསྡུར་དེས་སྤྱི་ལེ་བརྒྱའི་ཚོགས་ཆུང་གི་བདམས་ཐོན་པར་ཉེ་བའི་ལོ་གསུམ་ནང་ཀྲུང་གོ་རི་འཛེག་མཐུན་ཚོགས་ཀྱིས་སྒྲིག་འཛུགས་བྱས་པའི་རི་འཛེག་འགྲན་བསྡུར་ནང་ཉུང་མཐར་ཡང་ཐེངས་གཉིས་ཞུགས་མྱོང་བའམ་ཡང་ན་ལམ་ཐིག་ཧྲིལ་པོ་རྒྱུག་པའི་མ་ལ་སུང་དང་དེ་བཞིན་ལམ་ཐག་འདི་འདྲ་བའི་རི་འཛེག་དང་ཐང་རྒྱུག་འགྲན་བསྡུར་བྱེད་མྱོང་བའི་ཆ་རྐྱེན་མཐོ་པོ་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།