འཚོལ་བཤེར།   
藏文频道
2016ལོའི་ཟླ་8ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས་གསར་གཏོད་ཤེས་ལྡན་པ་རྩེ་གྲ་ཆིག་སྟོང་ཙམ་གསོ་སྐྱོང་དང་ནང་འདྲེན་
    ཤུགས་ཆེན་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 08ཚེས་06ཉིན། 14:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་གྱིས་《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ཞིབ་འཇུག་བྱས་ནས་བཏོན་པ་དེ་ཞིང་ཆེན་དེའི་གནས་ཚུལ་དང་ཤེས་ལྡན་པ་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་ནས་ཤེས་ལྡན་པ་བབ་བསྟུན་ངང་ནང་འདྲེན་བྱེད་པའི་བསམ་ཕྱོགས་གསལ་པོ་བཏོན་པའི་ཁར། ཤེས་ལྡན་པ་བབ་བསྟུན་ངང་ནང་འདྲེན་བྱེད་སྟངས་གསར་གཏོད་བྱས་ཏེ་ཁ་ཐང་བའི་ཤེས་ལྡན་པ་རྩེ་གྲ་ནང་འདྲེན་བྱས་ནས“ལས་རྗེས་ལས་དུས་ཚོད་ལ་མི་ལྟ་བའི”ཤེས་ལྡན་པ་བབ་བསྟུན་ངང་ནང་འདྲེན་གྱི་དཔྱད་ཞིབ་དོ་དམ་དང་གདེང་འཇོག་ལྕག་སྐུལ་བྱ་ཐབས་འཚོལ་ཞིབ་ཀྱིས་བཟོས་ཏེ་གསར་གཏོད་ཤེས་ལྡན་པ་རྩེ་གྲ་ཆིག་སྟོང་ཙམ་གསོ་སྐྱོང་དང་ནང་འདྲེན་ཤུགས་ཆེན་བྱ་རྒྱུ་ཡིན་པ་རེད།
         《ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》ནང་། ཤེས་ལྡན་པ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་པའི་ཆ་ལག་དང་འཐུས་སྒོ་ཚང་བའི་ལམ་སྲོལ་ཧུར་ཐག་བཟོས་ཏེ་ཤེས་ལྡན་པར་སློབ་གསོ་གཏོང་བ་དང་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྐུལ་མ་གཏོང་བ་དང་། གསར་གཏོད་རྣམ་པའི་ཚན་རྩལ་ཤེས་ལྡན་པ་གསོ་སྐྱོང་ལ་རྒྱབ་སྐྱོར་བྱེད་སྟངས་ཡག་ཏུ་གཏོང་བ། ཁེ་ལས་པ་འཚར་ལོངས་ཀྱི་ཁོར་ཡུག་ལེགས་སུ་གཏོང་བ། རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་བྱེད་མགྱོགས་སུ་གཏོང་བ། ཕུལ་བྱུང་ན་གཞོན་ཤེས་ལྡན་པ་དང་གཞི་རིམ་འཐབ་ས་མདུན་མའི་ཤེས་ལྡན་པ་གསོ་སྐྱོང་ཤུགས་ཆེན་བྱེད་པ། སྒོ་དབྱེ་དང་བབ་བསྟུན་གྱི་ཤེས་ལྡན་པ་དང་རིག་སྟོབས་ནང་འདྲེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། དེ་བས་ཐབས་མཁས་གནད་འཁེལ་གྱི་ཤེས་ལྡན་པ་བབ་བསྟུན་ནང་འདྲེན་བྱེད་སྟངས་གསར་གཏོད་བྱེད་པའི་སྒོ་ནས་རིག་སྟོབས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་ལམ་སྲོལ་འཐུས་ཚང་ཞིག་ཆགས་རྒྱུར་སྐུལ་མ་གཏོང་དགོས་ཞེས་འཁོད་ཡོད་པ་རེད།
         ཤེས་ལྡན་པ་ནང་འདྲེན་བྱེད་པའི་སྲིད་ཇུས་ཐད་མཚོ་སྔོན་གྱིས་བྱ་གཞག་ཚན་པར་དམིགས་བཙུགས་ལས་གནས་ཀྱི་དོ་དམ་ལམ་ལུགས་འཚོལ་ཞིབ་ཀྱིས་བཙུགས་ཏེ་ནང་དུ་དྲངས་པའི་ཤེས་ལྡན་པར་དམིགས་བསལ་རྒྱབ་སྐྱོར་བྱེད་པའི་ཚད་གཞི་མཐོ་རུ་བཏང་བ་མ་ཟད། སྨན་བཅོས་འཕྲོད་སྦྱོར་དང་བུ་ཕྲུག་སློབ་གྲྭ་འགྲིམ་པ་སོགས་ཀྱི་གཟིགས་སྐྱོང་སྲིད་ཇུས་ལོངས་སུ་སྤྱོད་ཆོག་པ་དང་། ཤེས་ལྡན་པར་གདེང་འཇོག་དང་གོ་མིང་སྤྲོད་པར་དོ་དམ་བྱེད་སྐབས་མཚོ་སྔོན་གྱིས་མཐོ་རིམ་གོ་མིང་ཞིབ་དཔྱད་བྱེད་དབང་གཤམ་སྤྲོད་དང་ཤེས་ལྡན་པར་གདེང་འཇོག་བྱེད་པའི་སྔོན་བཀོད་ཆ་རྐྱེན་དམའ་རུ་བཏང་ཐོག སྤྱི་དབང་མིན་པའི་ལམ་ལུགས་དཔལ་འབྱོར་རྩ་འཛུགས་ཀྱི་ཤེས་ལྡན་པའི་གོ་མིང་དཔྱད་ཞིབ་ཀྱི་ཐབས་ལམ་ཡངས་སུ་གཏོང་བ་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་བཏོན་པ། སྒྲིག་ཁོངས་དོ་དམ་ཐད་ཆ་རྐྱེན་འཛོམས་པའི་རིགས་གཉིས་པའི་སྤྱི་ཕན་བྱ་གཞག་ཚན་པར་རིམ་བཞིན་ཐོ་འགོད་ལམ་ལུགས་ལ་བརྟེན་ནས་དོ་དམ་བྱེད་པ་དང་སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་ཐབས་ཤེས་བརྒྱུད། བྱ་གཞག་འཕེལ་རྒྱས་སོགས་སྒྱུར་བཅོས་བྱ་ཐབས་འཚོལ་ཞིབ་བྱས་ཡོད། གསར་གཏོད་ལས་གཏོད་ལ་ལྕག་སྐུལ་གཏོང་བའི་ལམ་སྲོལ་ཐད་མཚོ་སྔོན་གྱིས“དམངས་གཉེར་གཞུང་སྐྱོར”གྱི་ཞིབ་འཇུག་གསར་སྤེལ་སྒྲིག་གཞི་གསར་པ་འཕེལ་རྒྱས་ཧུར་ཐག་བཏང་སྟེ་ཤེས་ལྡན་པར་ཚན་རིག་ཞིབ་འཇུག་གི་གྲོན་དངུལ་དོ་དམ་བཀོལ་སྤྱོད་བྱེད་དབང་སྔར་ལས་ཆེ་བ་སྤྲད་དེ་ཞིང་ཆེན་ནང་ཁུལ་དུ་ནོར་སྲིད་མ་དངུལ་གྱི་རྒྱབ་སྐྱོར་ལས་གྲུབ་པའི་ཚན་རྩལ་གྲུབ་འབྲས་སྤྱོད་དབང་དང་། ཐག་གཅོད་བྱེད་དབང་། ཁེ་དབང་བཅས་མགྱོགས་མྱུར་གཤམ་སྤྲོད་བྱས་ནས་ཚན་ཞིབ་པ་དང་ཚོགས་པའི་ཁེ་སྤོགས་བསྡུར་ཚད་མང་དུ་གཏོང་བ་སོགས་ཀྱི་སྒྱུར་བཅོས་བྱ་ཐབས་ལག་ལེན་བསྟར་བ་དང་། འཚོལ་ཞིབ་གསར་གཏོད་ལ་ལྕག་སྐུལ་བྱེད་པའི་ཐད་མཚོ་སྔོན་གྱིས་མཚོ་སྔོན་སློབ་ཆེན་དུ་ཤེས་ལྡན་པའི་དམིགས་བསལ་ཁུལ་བཙུགས་ཏེ་མཚོ་སྔོན་གྱི་རྒྱལ་ཁབ་རིམ་པའི་མཐོ་གསར་ལག་རྩལ་ཐོན་ལས་གསར་སྤེལ་ཁུལ་ལ་བརྟེན་ནས། གསར་གཏོད་ལས་གཏོད་ཀྱི་ཤེས་ལྡན་པ་འཕེལ་རྒྱས་ཀྱི་ཚོད་ལྟའི་ཁུལ་བཙུགས་པ་དང་ཤེས་ལྡན་པ་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་བྱེད་སྐབས་ནོར་འཁྲུལ་ཤོར་ཀྱང་འགན་འཁྲི་བདའ་འདེད་མི་གཏོང་བའི་ལམ་སྲོལ་སོགས་བྱ་ཐབས་འཚོལ་ཞིབ་བྱས་ནས་བཟོ་རྩིས་ཡོད་པ་བཅས་རེད།
      

    ཕྱོགས་བསྡུས་གསར་འགྱུར།