འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཁྲུའུ་ཞུང་དབྱིས་རིགས་ཀྱིས་དཔལ་འབར་དུས་ཆེན་གྱི་མེ་མཆོད་མཛད་སྒོ་
    གཟབ་རྒྱས་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 15:47】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཡུན་ནན་ཁྲུའུ་ཞུང་དབྱིས་རིགས་ཀྱིས་དཔལ་འབར་དུས་ཆེན་གྱི་མེ་མཆོད་མཛད་སྒོ་
གཟབ་རྒྱས་སྤེལ་བ།
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་27ཉིན་གྱི་དགོང་མོར་"ཀྲུང་གོ་•ཁྲུའུ་ཞུང་2016ལོའི་དབྱིས་རིགས་ཀྱི་དཔལ་འབར་དུས་ཆེན་"གྱི་མེ་མཆོད་མཛད་སྒོ་གཟབ་རྒྱས་་དེ་ཡུན་ནན་ཞིང་ཆེན་ཁྲུའུ་ཞུང་གྲོང་ཁྱེར་གྱི་དབྱིས་ཧའེ་སྤྱི་གླིང་དང་། དབྱིས་མིའི་གནའ་བོའི་གྲོང་རྡལ། ཐའོ་ཡོན་ཧུའུ་ཐང་ཆེན། ཁུལ་སྲིད་དོན་ལྟེ་གནས་ཐང་ཆེན། གྲོང་མིའི་ཐང་ཆེན། ཙི་ཞིས་དབྱིས་རིགས་གྲོང་ཚོ་བཅས་སུ་དུས་གཅིག་ཏུ་སྤེལ་འགོ་ཚུགས་ཤིང་། དབྱིས་རིགས་ཀྱི་སྲོལ་རྒྱུན་གོམས་སྲོལ་དང་མེའི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་གཅིག་བསྡུས་ཀྱིས་ངོམས་པ་རེད། ཉིན་དེའི་མེ་མཆོད་མཛད་སྒོ་གཟབ་རྒྱས་ལ་མེ་བསུ་བ་དང་། མེར་བསྟོད་པ། མེ་མཆོད་པ་བཅས་ཁག་གསུམ་ཡོད་ཅིང་། དབྱིས་རིགས་ཀྱི་པི་མུའུ་ཡིསཤིང་གཙུབས་ནས་མེ་བླངས་པ་མ་ཟད། སྐུ་མགྲོན་གྱི་སྣེ་ཁྲིད་དེ་བཀྲ་ཤིས་དང་། ལོ་ལེགས། བདེ་སྐྱིད་སོགས་མཚོན་བྱེད་ཀྱི་དཔལ་འབར་ལ་མེ་སྦར་བ་རེད།
    【1】  【2】  【3】  【4】  【5】
    ༄༅།།ཡུན་ནན་ཁྲུའུ་ཞུང་དབྱིས་རིགས་ཀྱིས་དཔལ་འབར་དུས་ཆེན་གྱི་མེ་མཆོད་མཛད་སྒོ་
གཟབ་རྒྱས་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།