འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཀུན་གཏོད་བར་མཐོངས་དང་པོ་སྤྱོད་འགོ་ཚུགས་པ། 

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་28ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ལྗོངས་ཀྱི་ཀུན་གཏོད་བར་མཐོངས་དང་པོ་སྤྱོད་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། བོད་ལྗོངས་ཀྱི་ཀུན་གྱི་གསར་གཏོད་ལས་གཏོད་ཞབས་ཞུ་དང་གསོ་སྐྱོང་ལས་སྟེགས་ཏེ། ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་ཚེས་26ཉིན་སྒོ་བྱང་བཀལ་བ་དང་འབྲེལ་སྤྱོད་འགོ་ཚུགས་པ་དང་ཁག་དང་པོར་ཁེ་ལས་10དང་ཚོགས་པ་6དེའི་ནང་ཞུགས་ཡོད་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཀུན་གཏོད་བར་མཐོངས་དེར་གཞུང་དོན་སྒྲུབ་ས་100ལྷག་ཙམ་ཡོད་པ་དེའི་རྒྱ་ཁྱོན་ལ་སྨི་ངོས་གྲུ་1050ཡོད། རྨང་གཞིའི་གཞུང་དོན་དང་ལས་གཏོད་ཀྱི་གསོ་སྦྱོང་སོགས་ཀྱི་དགོས་མཁོ་སྐོང་བ་ཕུད་། ཀུན་གཏོད་བར་མཐོངས་ཀྱིས་ད་དུང་བཟོ་ཚོང་ཐོ་འགོད་དང་། ཤེས་བྱའི་ཐོན་དབང་། ཁྲིམས་ལུགས་བློ་འདྲི་སོགས་གཅིག་འཐུས་རྣམ་པའི་ཞབས་ཞུ་མཁོ་འདོན་བྱེད་ཀྱི་ཡོད། མིག་སྔར་ཀུན་གཏོད་བར་མཐོངས་ལ་རེ་ཞུ་བྱེད་མཁན་48བྱུང་ཡོད།
         ལྷ་ས་ཚན་རྩལ་ཀུན་གཏོད་བར་མཐོངས་ཀྱི་འགན་འཁུར་བ་ཙུའོ་དབྱི་ཁྲའོ་ཡིས་གསར་འགོད་པར། ཀུན་གཏོད་བར་མཐོངས་ལ་ཁང་ནང་གསོ་སྦྱོང་དང་ཁང་ཕྱིའི་གསོ་སྦྱོང་གཉིས་ཟུང་འབྲེལ་བྱེད་པའི་གཉེར་སྐྱོང་རྣམ་པ་དང་དེ་བཞིན་དྲ་ཐོག་དང་དྲ་ཕྱི་ཟུང་འབྲེལ་གྱི་ཞབས་ཞུའི་རྣམ་པ་སྤྱད་དེ་ལྗོངས་ཕྱི་ནང་གི་སྤུས་ལེགས་ཐོན་ཁུངས་མཉམ་སྤྱོད་ཐུབ་པ་བྱ་རྒྱུ་རེད། “ཀུན་གྱི་མ་རྩ་བསྡུ་སྒྲིལ”དང“ཀུན་གྱི་རོགས་སྐྱོར”སོགས་བྱེད་ཐབས་སྤྱོད་པ་དང་འབྲེལ་དངོས་ཡོད་དང་ཟུང་འབྲེལ་བྱས་ཏེ་སྣ་མང་ཅན་གྱི་ཀུན་གཏོད་རྣམ་པ་ཆགས་རྒྱུར་སྐུལ་འདེད་བཏང་ནས་ཁྱད་ལྡན་སྤུས་རྟགས་གཏོད་ཆོག་ཅེས་ངོ་སྤྲོད་བྱས་པ་རེད།
         བོད་རང་སྐྱོང་ལྗོངས་ཚན་རྩལ་ཐིང་གི་ཐིང་ཀྲང་འཕྲིན་ལས་དབང་རྒྱལ་གྱིས་ཀུན་གཏོད་བར་མཐོངས་ཀྱིས་ཚན་རྩལ་གསར་གཏོད་ཀྱི་འབྲས་བུ་གཞན་སྒྱུར་དང་། སྔོན་ཐོན་གྱི་ཉམས་མྱོང་གསོག་འཇོག གསར་གཏོད་པའི་རྣམ་པ་གསེད་བཀྲོལ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་བོད་ཀྱི“གཉིས་གཏོད”རྣམ་པ་ཆགས་རྒྱུར་སྐུལ་འདེད་གཏོང་རོགས་བྱ་རྒྱུ་རེད་ཅེས་བཤད་པ་རེད། 
         འདི་ནི་ལས་གཏོད་ཚོགས་པས་ལྷ་སའི་ཚན་རྩལ་ཀུན་གཏོད་བར་མཐོངས་སུ་ལས་སྒྲུབ་བྱེད་པའི་གནས་ཚུལ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།