འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུའི་མགྲིན་ཚབ་པས་ལྷོ་སུའུ་ཏན་གྱི་དུས་བབ་ཞི་ལྷོད་ཡོང་བར་སྐུལ་འདེད་གཏོང་
    ཕྱོགས་ཐད་ཀྲུང་གོས་སྤེལ་བའི་ལས་དོན་ངོ་སྤྲོད་གནང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལུའུ་ཁང་གིས་སྐད་ཆ་དྲིས་པར་ལན་འདེབས་ནས་ལྷོ་སུའུ་ཏན་གྱི་དུས་བབ་ཞི་ལྷོད་ཡོང་བར་སྐུལ་འདེད་གཏོང་ཕྱོགས་ཐད་ཀྲུང་གོས་སྤེལ་བའི་ལས་དོན་ངོ་སྤྲོད་གནང་བ་རེད།
         ལུའུ་ཁང་གིས་ལྷོ་སུའུ་ཏན་གྱི་དུས་བབ་གློ་བུར་དུ་འགྱུར་ལྡོག་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་ལྷོ་སུའུ་ཏན་གྱི་གནད་དོན་བར་འདུམ་གཙོ་བོ་བྱེད་མཁན་ཕྱོགས་གཞན་དག་དང་འབྲེལ་གཏུག་མཐུན་སྦྱོར་དམ་ཟབ་བྱས་ཏེ་ཞི་བའི་ངང་གྲོས་མོལ་བྱ་རྒྱུའི་སྐུལ་མ་ཧུར་ཐག་བཏང་ཐོག་ལྷོ་སུའུ་ཏན་གྱི་གདོང་ཐུག་ཕྱོགས་གཉིས་པོས་དམག་རྒྱག་མཚམས་གང་མགྱོགས་བཞག་ནས་སླར་ཡང་སྐད་ཆ་ཤོད་རེས་བྱ་རྒྱུའི་སྐུལ་མ་བཏང་ཡོད་ཅེས་གསུངས་པ་རེད།
         ཉེ་ཆར། ཀྲུང་གོ་སྲིད་གཞུང་གི་ཨ་ཧྥེ་རི་ཁའི་ལས་དོན་གྱི་དམིགས་བསལ་སྐུ་ཚབ་གཞུང་ཚབ་ཆེ་མོ་བ་ཀྲུང་ཅན་ཧྭ་ཡིས་ཁེན་ནི་ཡ་དང་། ཝུ་ཀན་ཏ། ཨེ་ཙེ་ཨོ་ཕི་ཡ་སོགས་རྒྱལ་ཁབ་ལ་འཚམས་འདྲི་བྱས་ཏེ་ཁེན་ནི་ཡའི་ཕྱི་འབྲེལ་པུའུ་ཀྲང་དང་། ཝུ་ཀན་ཏའི་ཕྱི་འབྲེལ་པུའི་རྒྱུན་ལས་དྲུང་ཆེ། ཨ་ཧྥེ་རི་ཁའི་མནའ་འབྲེལ་གྱི་ཞི་བདེ་དང་བདེ་འཇགས་ལས་དོན་ཨུ་ཡོན་སོགས་དཔོན་རིགས་དང་མཇལ་འཛོམས་གནང་སྟེ་ཕྱོགས་ཁག་དང་བསམ་འཆར་སྤེལ་རེས་གཏིང་ཟབ་་གནང་བ་རེད།
         ས་ཁུལ་རྒྱལ་ཁབ་དང་རྩ་འཛུགས་ཀྱིས་དེང་གི་ལྷོ་སུའུ་ཏན་གྱི་དུས་བབ་ལ་ཡོངས་ཁྱབ་ངང་སེམས་ཁྲལ་བྱས་ཏེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བར་འདུམ་བྱེད་ཤུགས་ཆེ་རུ་བཏང་ནས་ལྷོ་སུའུ་ཏན་གྱི་དུས་བབ་མགྱོགས་ནས་མྱུར་དུ་ཞི་ལྷོད་དུ་གཏོང་དགོས་པའི་ངོས་འཛིན་བྱས་པ་རེད། འབྲེལ་ཡོད་ཕྱོགས་ཁག་གིས་ད་དུང་མཉམ་འབྲེལ་རྒྱལ་ཚོགས་ལྷོ་སུའུ་ཏན་ཆེད་མངགས་ཚོགས་པའི་དབང་བསྐུར་ལེགས་སྒྲིག་དང་ས་ཁུལ་རྒྱལ་ཁབ་ཀྱིས་ལྷོ་སུའུ་ཏན་ལ་དྲག་ཆས་དཔུང་སྡེ་མང་དུ་བཏང་བ་སོགས་ཀྱི་གནད་དོན་སྐོར་གྱི་ཨ་ཧྥེ་རི་ཁ་ཤར་མའི་སྲིད་གཞུང་དབར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱི་བསམ་གཞིག་ངོ་སྤྲོད་བྱས་པ་རེད།
         དམིགས་བསལ་སྐུ་ཚབ་ཀྲུང་ཅན་ཧྭ་ཡིས་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ངོ་སྤྲོད་བྱས་པ་དང་འབྲེལ་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཁག་གིས་ཨ་ཧྥེ་རི་ཁའི་བྱེད་སྟངས་ཐོག་ནས་ཨ་ཧྥེ་རི་ཁའི་གནད་དོན་ཐག་གཅོད་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་དང་། ས་ཁུལ་རྒྱལ་ཁབ་དང་སྲིད་གཞུང་དབར་གྱི་འཕེལ་རྒྱས་རྩ་འཛུགས་ཀྱིས་ལྷོ་སུའུ་ཏན་གྱི་གནད་དོན་གྱི་དོ་བདག་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ། ཕྱོགས་ཁག་དང་མཉམ་དུ་དེའི་ཐད་འབྲེལ་གཏུག་དམ་ཟབ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ནས་ལྷོ་སུའུ་ཏན་གྱི་ཞི་བའི་འཕེལ་རིམ་ལ་མུ་མཐུད་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཚེས་31ཉིན་དམིགས་བསལ་སྐུ་ཚབ་ཀྲུང་ཅན་ཧྭ་ཡིས་ཁར་ཐུམ་དུ་སུའུ་ཏན་ཕྱོགས་དང་མཉམ་དུ་ལྷོ་སུའུ་ཏན་གནད་དོན་གྱི་མཉམ་འབྲེལ་ལྟ་སྐུལ་དང་དཔྱད་དཔོག་ཨུ་ལྷན་གྱི་རོགས་ཟླའི་ཚོགས་ཆུང་གི་མཐོ་རིམ་ཚོགས་འདུ་ཐེངས་གསུམ་པ་གཙོ་སྐྱོང་གནང་སྟེ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འབྲེལ་ཡོད་ཕྱོགས་ཁག་གིས་ལྷོ་སུའུ་ཏན་གྱི་དུས་བབ་མགྱོགས་ནས་མྱུར་དུ་ཞི་ལྷོད་དུ་གཏོང་བའི་ཐུན་མོང་གི་ངོས་འཛིན་ཆགས་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་རྒྱུ་མ་ཟད། ལྷོ་སུའུ་ཏན་གྱི་ཞི་བདེ་བར་བརྒལ་གྱི་འཕེལ་རིམ་བསྐྱར་དུ་རྒྱུན་ལྡན་གྱི་སྲོལ་ལམ་ཐོག་ལོག་རྒྱུར་སྐུལ་འདེད་ཀྱང་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།