འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྐོར་འགྲན་ལམ་ལས་ནུབ་རྒྱུད་ཀྱི་མཛེས་ལྗོངས་མངོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། “མཚོ་བོད་ས་མཐོ་ནས་གནའ་བོའི་ཐང་བོད་གནའ་ལམ་བར་དང་། ལོ་རྒྱུས་ཀྱི་ནང་དོན་ལྡན་པའི་རྨ་ནུབ་བར་ཁྱམས་ནས་རྨ་ཆུའི་ངོགས་གཉིས་བར་གྱི་མཚོ་སྐོར་འགྲན་ལམ་ནི་ནུབ་རྒྱུད་ཀྱི་མཛེས་རིས་ཆེན་པོ་ཞིག་སྟེ་འགྲན་བསྡུར་བྱས་པ་དང་བསྟུན་ནས་ག་ལེར་མངོན་བྱུང”ཞེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཀྲང་ཉིང་གིས་བཤད་པ་རེད།
          སྐབས་འདིའི་འགྲན་བསྡུར་ཐོག་མཚོ་སྔོན་དང་། ཀན་སུའུ། ཉིང་ཞ་བཅས་བརྒྱུད་དེ། ལམ་བར་ཏུ“ཀྲུང་གོའི་ཧྭ་འར་ལ་གཞས་གྱི་ཕ་ས”ཞེས་འབོད་པའི་ཏཱ་ཐུང་ཧུའེ་རིགས་ཧོར་རིགས་རང་སྐྱོང་རྫོང་དང་། མཚོ་སྔོན་མདོ་པ་རྒྱལ་ཁབ་ས་མཐོའི་སྦྱོང་བརྡར་རྟེན་གཞི། “རྨ་ཀླུང་རིང་མོ་ཁྲི་ཀའི་ཡུལ་དུ་དྭངས”ཞེས་གྲགས་པའི་ཁྲི་ཀ་རྫོང་། “ཀྲུང་གོའི་མཚེའུ་མཛེས་ཤོས”ཀྱི་མཚན་སྙན་ཡོད་པའི་མཚོ་སྔོན་པོ། ས་མཐོའི་མཚོ་ཁའི་གྲོང་ཁྱེར་རྐང་ཚ་རྫོང་། ཀྲུང་གོའི་རྡུལ་ཕྲན་གྲོང་ནུབ་མཚོ་གྲོང་རྡལ། “ས་མཐོའི་པད་ཁའི་མེ་ཏོག་གི་ཞིང་ཁམས་མཛེས་ཤོས”མོན་ཡོན་རྫོང་། “རྒྱལ་པོ་ཧྥུའུ་ཤིས་ཀྱི་འཁྲུངས་ཡུལ”ཐེན་ཧྲུའེ་གྲོང་ཁྱེར། “བྱང་རྒྱུད་ཀྱི་སྔོ་ལྗང་མཛེས་ལྗོངས་ཁུལ། ཉ་རིགས་དང་ཆུ་འབྲས་གྱི་ཕ་ས”ཉིང་ཞ་དབྱིན་ཁྲོན་སོགས་ཀྱང་བརྒྱུད་དགོས་པ་རེད།
         “སྐབས་འདིའི་མཚོ་སྐོར་འགྲན་བསྡུར་ཐོག་ཧུའེ་རིགས་དང་། བོད་རིགས། ཧོར་རིགས། ས་ལར་རིགས་སོགས་གྲངས་ཉུང་མི་རིགས་ས་ཁུལ་བརྒྱུད་དགོས་ཤིང་། འགྲན་ལམ་རྒྱུད་དུ་ནུབ་རྒྱུད་ཀྱི་མཛེས་ལྗོངས་ཁུལ་མང་པོ་ཡོད་པས་མི་རིགས་ཀྱི་རིག་གནས་གོམས་སྲོལ་ནི་མཚོ་སྐོར་འགྲན་བསྡུར་གྱི་མཛེས་ལྗོངས་བཀྲག་མདངས་འཚེར་ས་ཞིག་ཏུ་འགྱུར་རྒྱུ་ཡིན་པ་དང་། མཚོ་སྐོར་འགྲན་བསྡུར་གྱིས་ཐུན་མོང་མ་ཡིན་པའི་ནུས་པ་འདོན་སྤེལ་བྱས་ནས་ནུབ་རྒྱུད་ཀྱི་མཛེས་ལྗོངས་འདི་དག་དང་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་འཛམ་གླིང་གི་སྐྱེ་བོ་ཀུན་ལ་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད”ཅེས་ཀྲང་ཉིང་གིས་བཤད་པ་རེད།
            རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཀའོ་ཀྲི་ཏན་གྱིས། མིག་སྔར་མཚོ་སྐོར་འགྲན་བསྡུར་ནི་ཀྲུང་གོའི་རྐང་འཁོར་རིག་གནས་དྲིལ་བསྒྲགས་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་གྱུར་ནས་འགུལ་སྐྱོད་དང་བདེ་ཐང་གི་འཚོ་བའི་འདུ་ཤེས་བརྒྱུད་སྒྲོག་བྱེད་པ་དང་ཆབས་ཅིག་ཀྲུང་གོའི་ནུབ་རྒྱུད་ཀྱི་ཐུན་མོང་མ་ཡིན་པའི་རང་བྱུང་མཛེས་ལྗོངས་དང་མི་རིགས་ཀྱི་གོམས་སྲོལ་ཡང་ངོམས་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།