འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ལོ་སྟོད་ཀྱི་GDPའཕར་ཚད་10.6%ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:19】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སྲིད་གཞུང་ནས་ཤེས་རྟོགས་བྱུང་བ་ལྟར་ན། འདི་ལོའི་ལོ་སྟོད་དུ་བོད་ཀྱི་ལྗོངས་ཡོངས་ཀྱི་ཐོན་སྐྱེད་སྤྱིའི་རིན་ཐང་འཕར་ཚད་10.6%ཟིན་ནས་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་དང་བསྡུར་ན་བརྒྱ་ཆའི་གྲངས་3.9མཐོ་བ་བྱུང་སྟེ“ལོ་ལྔ་ཚན་བཅུ་གསུམ་པའི”འགོ་ཡག་པོ་ཞིག་འཛུགས་ཐུབ་པ་རེད།
          འདི་ལོ་ཤར་ཚུན། བོད་ཀྱིས་མཁོ་འདོན་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། དཔལ་འབྱོར་འཁོར་སྐྱོད་བཀོད་གཏོང་ལ་ཤུགས་སྣོན་བརྒྱབ་པ་དང“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་ལེན་བསྟར་མགྱོགས་སུ་བཏང་བ་རེད། གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་བོད་ཀྱི་བརྟན་འཇགས་རྒྱུ་ནོར་མ་འཇོག་དང་། སྤྱི་ཚོགས་འཛད་སྤྱོད་དངོས་ཟོག་སིལ་ཚོང་སྤྱི་འབོར། གྲོང་གསེབ་གྲོང་མིའི་སྤྱོད་ཆོག་པའི་ཡོང་འབབ། གྲོང་ཁྱེར་དང་གྲོང་རྡལ་གྲོང་མིའི་སྤྱོད་ཆོག་པའི་ཡོང་འབབ་སོགས་དཔལ་འབྱོར་སྟོན་གྲངས་གཙོ་བོའི་འཕར་ཚད་ཚང་མ་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཏེ། དཔལ་འབྱོར་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་ནུས་མཐོ་རུ་མངོན་གསལ་དོད་པོ་ཕྱིན་པ་རེད།
          འདི་ལོ་ཤར་ཚུན། ཁྲོན་བོད་ལྕགས་ལམ་གྱི་ལྷ་ས་ནས་ཉིང་ཁྲི་བར་གྱི་དུམ་བུ་བསྐྲུན་མགྱོགས་སུ་བཏང་བ་དང་། ཡར་ཀླུང་གཙང་པོའི་དབུས་རྒྱུད་ཀྱི་དག་པོ་དང་རྒྱ་ཚའི་ཆུ་ཤུགས་གློག་ཁང་དང་འབྲི་ཆུའི་སྟོད་རྒྱུད་ཀྱི་སོ་བ་ལུང་དུ་ཆུ་ཤུགས་གློག་ཁང་ཁྱོན་ཡོངས་ནས་བསྐྲུན་འགོ་ཚུགས་པ། ལྷ་ས་ནས་ཉིང་ཁྲི་བར་རིམ་མཐོའི་གཞུང་ལམ་(དུས་ཐེངས་གཉིས་པ)འཕེལ་རིམ་བདེ་བླག་ཡོད་པ་སོགས་གཙོ་གནད་རྣམ་གྲངས་དེ་དག་ལས་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྒྲིག་བཀོད་ཀྱི་འདེགས་སྐྱོར་གང་ལེགས་མཁོ་འདོན་བྱས་པ་རེད།
         དེ་དང་དུས་མཚུངས། ཡུལ་སྐོར་ཐོན་ལས་དང་། ཐུམ་སྒྲིལ་འཐུང་ཆུ། བཟའ་བཅའ་ཐོན་སྐྱེད་སོགས་ཁྱད་ལྡན་གྱི་ལེགས་ཆའི་ཐོན་ལས་ཁག་གཅིག་འཕེལ་རྒྱས་མྱུར་པོ་ཕྱིན་པས། ཐོན་ལས་སྐུལ་སྤེལ་གྱི་གཏིང་ཤུགས་ཆེ་བ་དང་། རྗེས་ཤུགས་ཆེ་བ། གསོན་ཤུགས་ཆེ་བ་བཅས་ཡོད་པ་མ་ཟད། དངུལ་རྩའི་རོགས་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་། ཀྲུང་དབྱང་སྲིད་གཞུང་གི་མ་འཇོག་དོན་འཁྱོལ་གྱིས་ལོ་འཁོར་གྱི་88%ཟིན་པ། སྣུམ་གློག་རླངས་གསུམ་དབོར་འདྲེན་གྱི་རྒྱུ་རྐྱེན་གཙོ་བོའི་འདེགས་སྐྱོར་ཆེ་བ་བཅས་རེད།
           དཔལ་འབྱོར་འཕར་ཚད་མགྱོགས་པ་དང་དུས་མཚུངས། བོད་ཀྱིས་དམངས་འཚོར་འགན་ལེན་དང་ལེགས་བཅོས་ལ་དེ་བས་ཤུགས་སྣོན་བརྒྱབ་ནས། ནོར་ཤུགས་དེ་བས་ཆེ་བ་དམངས་འཚོ་འཛུགས་སྐྲུན་གྱི་ཁྱབ་ཁོངས་སུ་བཏང་ཐོག དམངས་འཚོའི“དོན་དངོས་བཅུའི”སྲིད་ཇུས་ཁག་29ཟླ་རེ་རེ་བཞིན་དང་དུས་ཚིགས་རེ་རེ་བཞིན་དུས་ཐོག་ཏུ་དོན་འཁྱོལ་བྱས་པ་རེད། དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་གྲ་སྒྲིག་ཨང་བསར་དང་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་མ་ཟད། ཞིང་འབྲེལ་མ་དངུལ་སྒོར་དུང་ཕྱུར་85.2བསྡུ་སྒྲིལ་གྱིས་དབུལ་སྒྲོལ་འགག་སྒྲོལ་ཐད་སྤྱད་པ་དང་། ས་ཆ་གཞན་དུ་དབུལ་སྐྱོར་གནས་སྤོའི་མ་དངུལ་སྒོར་དུང་ཕྱུར་157.8དོན་འཁྱོལ་བྱས་པ་ནས་སྒོར་དུང་ཕྱུར་20ལྷག་ཙམ་མ་འཇོག་བྱས་ཟིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།