འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་ལྷ་མོའི་ཟློས་གར་གྱི་གདོང་འབག

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 15:45】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།བོད་ཀྱི་ལྷ་མོའི་ཟློས་གར་གྱི་གདོང་འབག
         མི་དམངས་དྲ་བའི་འཕྲིན། དགུང་ལོ་60ལ་ཕེབས་པའི་བསོད་བསྟན་གྱིས་བཟོས་པའི་གདོང་འབག་ནི་སྤྱི་བཏང་གི་གདོང་འབག་མ་རེད། ཁོང་གིས་གདིང་ཤུགས་ཧ་ཅང་ཆེན་པོ་ལྡན་པའི་སྒོ་ནས་ངས་གདོང་འབག་འདི་བཟོས་ན་ལོ་1000རིང་ལ་ཉར་ཚགས་བྱེད་ཐུབ་པ་སྨོས་མེད་ཡིན་ཞེས་བཤད། བསོད་བསྟན་གྱིས་ཁོང་གི་དགེ་རྒན་གྱིས་ཉར་ཚགས་གནང་བའི་གདོང་འབག་མཐོང་མྱོང་ལ་ལོ་300རིང་གི་ལོ་རྒྱུས་ཡོད་པ་མ་ཟད་ད་ལྟའི་བར་འཐུས་ཚང་སྐྱོན་མེད་ཡིན་པ་མ་ཟད་ད་དུང་བཀོལ་སྤྱོད་བྱེད་ཐུབ་ཀྱི་ཡོད། བསོད་བསྟན་ནི་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་སྡེ་དགེའི་ལྷ་མོ་ཟློས་གར་གྱི་གདོང་འབག་རྒྱུན་འཛིན་པ་ཡིན་པ་དང་། ཁོང་གིས་བཟོས་པའི་གསོན་ཉམས་ལྡན་པའི་གདོང་འབག་དེ་ཚོ་ནི་རྩྭ་ཐང་སྟེང་གི་གུར་རྙིང་པའི་རས་རེ་རེ་བཞིན་སྦྱར་ནས་ཡིན་པ་མི་གཞན་གྱིས་ཤེས་ཀྱི་མ་རེད།
         ལོ་45རིང་ལ་བསོད་བསྟན་གྱིས་བོད་ཀྱི་ལྷ་མོའི་ཟློས་གར་གྱི་གདོང་འབག་1000ལྷག་བཟོས་མྱོང་བ་དང་དེ་ཚོའི་ཁྲོད་དུ་ཤཱཀྱ་མུ་ནེ་དང་། རྔམ་བརྗིད་ལྡན་པའི་གེ་སར་གྱི་དཔའ་རྒོད་བརྒྱད་ཅུ། ནང་བསྟན་བོད་དུ་སྤེལ་མཁན་སློབ་དཔོན་པདྨ་འབྱུང་གནས། ད་རུང་བོད་བརྒྱུད་ནང་བསྟན་གྱི་ཆོས་སྐྱོང་སོགས་ཡོད་པ་རེད།
    ༄༅།།བོད་ཀྱི་ལྷ་མོའི་ཟློས་གར་གྱི་གདོང་འབག
    ༄༅།།བོད་ཀྱི་ལྷ་མོའི་ཟློས་གར་གྱི་གདོང་འབག
      

    ཕྱོགས་བསྡུས་གསར་འགྱུར།