འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་གསུམ་པའི་ཧའེ་ཙེ་གཞོན་ནུའི་སྙན་ངག་དུས་ཆེན་གཏོང་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་29ཉིན། 10:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་25ཉིན། ཀྲུང་གོ·མཚོ་སྔོན་(གཏེར་ལེན་ཁ)གྱི་སྐབས་གསུམ་པའི་ཧའེ་ཙེ་གཞོན་ནུའི་སྙན་ངག་དུས་ཆེན་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཀྲོའུ་གཏེར་ལེན་ཁ་གྲོང་ཁྱེར་ཧའེ་ཙེ་སྙན་ངག་བཤམས་སྟོན་ཁང་དུ་སྤེལ་འགོ་ཚུགས་ཤིང་། ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོའི་སྙན་ངག་དུས་ཆེན་ཐོག“གཏེར་ལེན་ཁ——ཧའེ་ཙེ་ཡི་སྙན་ངག་དང་རྒྱང་རིང”ཞེས་བརྗོད་བྱ་གཙོ་བོར་བྱས་པ་དང་ཆབས་ཅིག་རྒྱལ་ཡོངས་ཀྱི་གྲོང་ཁྱེར་15རུ་མཉམ་འགུལ་བྱས་ཡོད་པ་རེད།
          ཀྲུང་གོ·མཚོ་སྔོན་(གཏེར་ལེན་ཁ)གྱི་ཧའེ་ཙེ་གཞོན་ནུའི་སྙན་ངག་དུས་ཆེན་2012ལོའི་ཟླ་7པར་གཏོང་འགོ་བརྩམས་པ་དང་ལོ་གཉིས་ནང་ཚུན་དུ་ཐེངས་གཅིག་གཏོང་གི་ཡོད། འདི་ལོ་སྙན་ངག་དུས་ཆེན་གྱིས་ཚྭ་འདམ་གྱི་ཐུན་མོང་མ་ཡིན་པའི་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་རྒྱུ་དང་ཚྭ་འདམ་ས་མཐོའི་ཡུལ་སྲོལ་གོམས་གཤིས་འགྲེམས་སྟོན་བྱ་རྒྱུ་དམིགས་ཡུལ་དུ་བྱས་པ་དང་། སྙན་ངག་དུས་ཆེན་གཏོང་རིང་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ་སྙན་ངག་པ་ཧའེ་ཙེར་རྗེས་དྲན་དང་དྲན་གསོ་བྱས་པ། སྙན་ངག་དང་སྒྱུ་རྩལ་གྱི་རྣམ་པའི་ཐོག་ནས་མཚོ་ནུབ་ལ་རིག་གནས་ནང་དོན་ཟབ་མོ་བསྣན་ཡོད། སྙན་ངག་དུས་ཆེན་དེ་བརྒྱུད། མཚོ་ནུབ་སྔར་བས་དྲིལ་བསྒྲགས་བྱེད་པ་དང་ཁྱབ་གདལ་བཏང་ནས་མཚོ་ནུབ་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཐུབ་པ་མ་ཟད། ཁྱད་ལྡན་རིག་གནས་སྤུས་རྟགས་བཏོད་ནས་མཚོ་ནུབ་ཀྱི་གཟུགས་བརྙན་གསར་པ་ཡང་མངོན་པ་སྟེ། མཚོ་ནུབ་ཀྲོའུ་ཡི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འགྲོ་རྒྱུར་བསམ་པའི་སྒུལ་ཤུགས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཁོར་ཡུག་མཁོ་འདོན་བྱས་ནས། མི་སྔར་བས་མང་པ་ཞིག་གིས་སྙན་ངག་བརྒྱུད་མཚོ་ནུབ་ཤེས་རྟོགས་ཐུབ་པ་བྱེད་དུ་བཅུག་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།