འཚོལ་བཤེར།   
藏文频道
2016ལོའི་ཟླ་7ཚེས་25ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་གྱིས་སྐབས་གསུམ་པའི་རེབ་གོང་ཐང་ག་བཞེངས་རྩལ་འགྲན་བསྡུར་
    ཆེན་མོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 07ཚེས་25ཉིན། 16:08】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་གྱིས་སྐབས་གསུམ་པའི་རེབ་གོང་ཐང་ག་བཞེངས་རྩལ་འགྲན་བསྡུར་
ཆེན་མོ་སྤེལ་བ།
          མི་དམངས་དྲ་བའི་འཕྲིན། ཟླ་7ཚེས་22ཉིན་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་གཙོ་གཉེར་བྱས་པའི་2016ལོའི་སྐབས་གསུམ་པའི་ཀྲུང་གོའི་རེབ་གོང་ཐང་ག་བཞེངས་རྩལ་འགྲན་བསྡུར་ཆེན་མོ་རེབ་གོང་རྫོང་དུ་སྤེལ་ཞིང་། ཞིང་ཆེན་ཕྱི་ནང་ནས་ཕེབས་པའི་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ཐང་གའི་སྒྱུ་རྩལ་མཁས་པ་དང་དམངས་ཁྲོད་ཀྱི་ལྷ་རིས་པ་575རོང་བོ་གྲོང་རྡལ་རེབ་གོང་རིག་གནས་ཐང་ཆེན་དུ་ཨང་རྟགས་ལྟར་བཞུགས་ཏེ་གཏན་འབེབས་བྱས་པའི་འབྲི་བྱའི་ནང་དོན་ལྟར་རང་སོ་སོའི་པིར་རྩལ་ངོམས་པ་དང་། རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་དང་ཞིང་ཆེན་ནང་ཁུལ་གྱི་སྨྱན་སྦྱོར་ཆེ་གྲས་ཁག ལྟད་མོ་ལྟ་མཁན་བཅས་འབོར་ཆེན་འགྲན་བསྡུར་བྱ་ཡུལ་དངོས་སུ་འཛོམས་པ་རེད།
         ཐེངས་འདིའི་འགྲན་བསྡུར་ཆེན་མོ་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་ལྷ་རིས་པ་མཁས་ཅན་གྱི་འགྲེམས་སྟོན་ཁུལ་དང་ཐང་གའི་གཞི་ཐིག་འབྲི་རྩལ་འགྲན་བསྡུར་ཁུལ་གཉིས་ཡོད་ཅིང་། ཐང་གའི་གཞི་ཐིག་འབྲི་རྩལ་འགྲན་བསྡུར་ཁུལ་དེ་ཡང་ཀ་པ་དང་ཁ་པའི་ཚོགས་ཆུང་གཉིས་སུ་བགར་ནས་འགྲན་བསྡུར་དང་དཔྱད་འདེམས་བྱ་རྒྱུ་རེད། དུས་ཡུན་ཆུ་ཚོད་4ཡི་རིང་དུ་ཞིབ་མོའི་བློ་ཡིས་བྲིས་པ་བརྒྱུད། འགྲན་བསྡུར་ནང་ཞུགས་མཁན་ལྷ་རིས་པ་ཚོས་གཏན་ཁེལ་བྱས་པའི་སྐུ་འདྲའི་གཞི་ཐིག་འབྲི་རྒྱུ་དང་བཞིན་རས་སུ་ཚོན་གཏོང་རྒྱུ་ལེགས་འགྲུབ་བྱས་པ་རེད།
         འགྲན་བསྡུར་མཇུག་བསྒྲིལ་རྗེས། འགྲན་བསྡུར་ཆེན་པོ་གཙོ་གཉེར་ཕྱོགས་ཀྱིས་གདན་གནང་བའི་ལྷ་རིས་མཁས་པ་དང་རྒྱལ་ཁབ་རིམ་པའི་བཟོ་རྩལ་མཛེས་རྩལ་མཁས་པ་20ལས་གྲུབ་པའི་ཞིབ་དཔྱད་ཚོགས་ཆུང་གིས་འགྲན་བསྡུར་གྱི་བརྩམས་ཆོས་རེ་རེ་བཞིན་དཔྱད་བསྡུར་བྱས་པ་བརྒྱུད། ཡུལ་དངོས་སུ་བརྩམས་ཆོས་100བདམས་ནས་བདམས་ཐོན་བྱུང་བའི་དཔང་ཡིག་སྤྲད་པ་དང་། དེ་ནས་བདམས་ཐོན་བྱུང་བའི་བརྩམས་ཆོས་ཀྱི་ཁྲོད་ནས་དམིགས་བསལ་བྱ་དགའ་ཐོབ་མཁན་6དང་། བྱ་དགའ་ཨང་དང་པོ་ཐོབ་མཁན་12། བྱ་དགའ་ཨང་གཉིས་པ་ཐོབ་མཁན་18། བྱ་དགའ་ཨང་གསུམ་པ་ཐོབ་མཁན་24བཅས་དཔྱད་འདེམས་བྱས་མ་ཟད་བྱ་དགའ་ཐོབ་པའི་དཔང་ཡིག་ཀྱང་སྤྲད་པ་རེད།༼ པར་ལེན་མཁན། དཀོན་མཆོག་ཚེ་རིང་། ༽
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།མཚོ་སྔོན་རྨ་ལྷོ་ཁུལ་གྱིས་སྐབས་གསུམ་པའི་རེབ་གོང་ཐང་ག་བཞེངས་རྩལ་འགྲན་བསྡུར་
ཆེན་མོ་སྤེལ་བ།
      

    ཕྱོགས་བསྡུས་གསར་འགྱུར།